རྒྱ་ནག་གིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་བཤད་ཡོད་པ།

༧གོང་ས་མཆོག་ལ་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་སྐུ་དབང་ཡོད་མ་རེད་ཅེས་རྒྱ་གཞུང་ནས་གཏམ་བཤད།

2011.03.08

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་སྐུ་དབང་ཡོད་མ་རེད་ཅེས་རྒྱ་ནག་གཞུང་ནས་གཏམ་བཤད་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཉིན་ཤས་གོང་ནས་བཟུང་རྒྱལ་ས་པེ་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཚུགས་བཞིན་ཡོད་པ་དང་། ཞོར་འཕྲོས་སུ་འབྲེལ་ཡོད་དཔོན་རིགས་ཚོར་གསར་འགོད་པའི་འདྲི་བ་འདྲི་ལན་གྱི་དུས་ཚོད་སྐབས་ཤིག་ལ་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་འཁྲིད་པད་མ་འཕྲིན་ལས་ལགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པར་ཡང་སྲིད་ཕེབས་ཕྱོགས་སྐོར་གསུངས་པའི་གནད་དོན་ཐོག་འདྲི་བ་བཏང་བའི་སྐབས། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་ཡང་སྲིད་ཕེབས་དང་མ་ཕེབས་སྐོར་རྒྱལ་རབས་ལོ་རྒྱུས་དང་། ནང་པའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས་དེར་གུས་བརྩི་ཞུ་དགོས་པ་དང་དེ་སྔའི་ལམ་ལུགས་གཞིར་བཟུང་འགྲོ་དགོས་པ་ལས་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་ཐོབ་ཐང་སུ་ལའང་ཡོད་མ་རེད་ལ་དེ་ལྟར་བྱེད་པ་ཡིན་ན་མ་འགྲིགས་པ་རེད། ཏཱ་ལའི་བླ་མ་དང་པན་ཆེན་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དེ་ནི་ལོ་ངོ་བརྒྱ་ཕྲག་མང་པོ་ཕྱིན་པའི་སྒྲིག་འཛུགས་ཤིག་རེད་ཅེས་ལན་འདེབས་བརྒྱབ་ཡོད་འདུག

ཡང་གོང་ཞུས་གསར་འགྱུར་ནང་མུ་མཐུད་བཀོད་པར་ལྟར་ན། བོད་མིའི་སྒེར་ལངས་ཀྱི་ཉི་མོ་སྲུང་བརྩི་ཞུ་རྒྱུའི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་འདིར་བོད་ནང་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་སྐོར་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཀྲང་ཆི་ལིང་ལ་གསར་འགོད་པས་བཅར་འདྲི་ཞུས་པའི་སྐབས་ཁོང་གིས། དམ་དྲག་བྱེད་དགོས་དོན་ནི་གནམ་གཤིས་གྲང་མོ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཆོས་ཕྱོགས་ཀྱི་མཛད་རིམ་མང་པོ་ཡོད་པ་དང་། དེར་གཞིགས་པས་མགྲོན་ཁང་སོགས་དཀོན་པོ་ཆགས་ཀྱི་ཡོད་པ་སོགས་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ལག་ལེན་བཀེལ་བ་ཞིག་ཡིན་ལུགས་རྒྱུ་མཚན་ལུང་འདྲེན་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎