རྒྱ་ནག་གི་སའི་རྒྱ་ཁྱོན་ཆེན་པོ་ཞིག་བྱེ་ཐང་དུ་འགྱུར་ཉེན།
2011.01.05
༄༅༎མི་འབོར་འཕེལ་རྒྱས་དང་ཐེན་པ་བསྟེན་པ། གནམ་གཤིས་འགྱུར་ལྡོག་བཅས་ཀྱིས་རྒྱ་ནག་གི་སའི་རྒྱ་ཁྱོན་ཆེན་པོ་ཞིག་རིམ་པས་བྱེ་ཐང་དུ་འགྱུར་རྒྱུའི་ཚད་གཞི་འཛམ་གླིང་ནང་ནས་མྱུར་ཚད་མཐོ་ཤོས་ཤིག་ཆགས་ཡོད་པ་དང༌། བྱེ་ཐང་དུ་འགྱུར་ཟིན་པའི་སའི་རྒྱ་མཁྱོན་ལྔ་ཆ་གཅིག་བྱེ་ཐང་མ་ཡིན་པ་ལྗང་ལྡན་ཅན་བཟོ་རྒྱུར་ལོ་༣༠༠ཙམ་ཞིག་འགོར་རྒྱུ་ཡིན་སྐོར་གཞུང་འབྲེལ་རྒྱ་ནག་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་འདུག།
ཕྱུགས་རིགས་ཀྱིས་རྩ་ཁ་ཚད་ལས་འགལ་བ་་བཟས་པ་དང༌། འཛུགས་སྐྲུན་ལས་གྲྭ་ཚོད་མེད་སྤེལ་བ། ཆུའི་འབྱུང་ཁུངས་ལ་ཕང་སེམས་མེད་པར་བེད་སྤྱོད་མ་རུང་བ་བཏང་བ་བཅས་ཀྱིས་ རྒྱ་ནག་གི་ནུབ་བྱང་ས་ཁུལ་གཞི་རྒྱ་ཆེན་པོ་ཞིག་རིམ་བཞིན་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་དེ་དག་འགོག་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད།