གུའུ་གལ་དྲ་གནས་འཐེན་པར་རྒྱ་ནག་གིས་མངོན་ཚུལ།

གུའུ་གལ་རྒྱ་ནག་ནང་ཚོང་འབྲེལ་མཚམས་འཇོག་བྱས་པ་ཡིན་ཚེ་རྒྱ་ནག་དང་ཨ་རིའི་འབྲེལ་བར་དོ་ཕོག་འགྲོ་གི་མ་རེད་ཅེས་བཤད་ཡོད་པ་རེད།

2010.03.23

༄༅༎དེ་རིང་རྒྱ་ནག་གཞུང་གིས། གལ་ཏེ་རྒྱལ་སྤྱིའི་འཕྲིན་གཏོང་དྲ་རྒྱ་གུའུ་གལ་Googleཡི་ཚོང་ལས་རྒྱ་ནག་ནང་ཚོང་འབྲེལ་མཚམས་འཇོག་བྱས་པ་ཡིན་ཚེ། དེ་ཡིས་རྒྱ་ནག་དང་ཨ་རིའི་འབྲེལ་བར་དོ་ཕོག་འགྲོ་གི་མ་རེད་ཅེས་བཤད་ཡོད་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིང་ཀང་གིས་གསར་འགོད་པར། ང་ཚོས་གུའུ་གལ་Googleདྲ་རྒྱའི་གནད་དོན་དེའི་ཐོག་ནས་མི་ཁག་ཅིག་གི་ཆབ་སྲིད་ཀྱི་ལག་ཆར་བདེ་སྤྱོད་གཏོང་རྩིས་བྱེད་ཀྱི་ཡོད་ཀྱང། གནད་དོན་དེ་ཡིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གང་ཞིག་ཐེབས་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ལ། ད་དུང་ཁྱོད་ཚོས་གནད་དོན་དེ་འཁྱེར་ཏེ་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་དང་ཡང་ན་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་རྩིས་བྱས་ན་མ་གཏོགས། རྒྱ་ནག་ཐོག་ལ་རྒྱལ་སྤྱིའི་ལྟ་ཚུལ་ལ་གནོད་འཚེ་བཟོ་ཐབས་བྱས་པ་ཡིན་ནའང་དེ་ནི་ཉུང་ཤས་ཞིག་རེད་ཅེས་བཤད་ཡོད་པ་རེད།

ད་དུང་ཁོང་གིས། གུའུ་གལ་Googleདྲ་རྒྱའི་གནད་དོན་དེ་ནི་གཙོ་བོ་སྒེར་གྱི་ཚོང་ལས་ཀྱི་གྱོད་གཞི་ཡིན་པ་དང། རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེའི་ཐོག་ལ་རྒྱ་ནག་གི་དྲ་རྒྱའི་ཁྲིམས་ལུགས་རྩ་འཛིན་གཞི་བཟུང་ཏེ་ཐག་གཅོད་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་གུའུ་གལ་Googleདྲ་རྒྱའི་ཚོང་ལས་ཁང་གིས་རྒྱ་ནག་ནང་དུ་བཙུགས་པའི་གུའུ་གལ་སི་ཨེན་Google.cnཟེར་བའི་དྲ་རྒྱ་དེའི་ཚོང་ལས་དུས་ཡུན་རིང་པོ་གནས་ཐབས་མེད་པར་མཚམས་འཇོག་བྱ་རྒྱུའི་ཉེན་བརྡའི་གསལ་བསྒྲགས་བྱས་པའི་གནད་དོན་དང། ལྷག་པར་དུ་ཉེ་བའི་འཆར་གྱི་དུས་ཚོད་དེའི་ནང་དུ་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ལ་གནོད་འཚེ་འགྲོ་གཞིའི་གནད་དོན་རིམ་པ་ཁག་ཅིག་ཡོད་པའི་ནང་ནས་གཅིག་ནི་ཨ་རིའི་གུའུ་གལ་Googleདྲ་རྒྱའི་གནད་དོན་དེ་ཡིན་པར་བརྟེན། རྒྱ་ནག་ཕྱོགས་ནས་གུའུ་གལ་Googleདྲ་རྒྱའི་ཚོང་ལས་ཁང་ལ་རྒྱ་ནག་ནང་དྲ་རྒྱ་དེའི་ཚོང་ལས་མཚམས་འཇོག་བྱས་པ་ཡིན་ཚེ། མཇུག་འབྲས་ངན་པ་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུངས་ཀྱིས་ཀྱང། གནད་དོན་དེའི་ཐོག་ལ་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་ནས་ཀྱང་རྒྱ་ནག་གཞུང་ལ་བཀའ་མོལ་ཐེངས་མང་གནང་བ་དང། ད་དུང་ཡང་གུའུ་གལ་Googleདྲ་རྒྱའི་ཚོང་ལས་ཁང་དང་རྒྱ་ནག་གི་བར་ལ་འགྲིག་འཇགས་ཀྱི་གྲོས་འཆམ་མ་བྱུང་བ་དེར་བློ་ཕམ་བྱུང་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎