ཁ་བྲལ་རིང་ལུགས་པར་མཐའ་ཅིག་ཏུ་ཁ་གཏད་གདོང་ལེན་བྱ་དགོས།


2015.10.22
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo
དྲ་བཤུས

བོད་རང་སྐྱོང་ལྗོངས་ཞེས་བའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱིས་ཁ་བྲལ་རིང་ལུཊ་པར་མཐའ་ཅིག་ཏུ་ཁ་གཏད་གདོང་ལེན་བྱ་དགོས་སྐོར་བརྗོད་འདུག
དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ནས། བོད་ནང་གི་ལས་བྱེད་འགོ་ཁྲིད་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་བྲལ་རིང་ལུགས་པར་མཐའ་ཅིག་ཏུ་ཁ་གཏད་གདོང་ལེན་བྱ་དགོས་པ་དང་། གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་ཡོང་བའི་ལས་དོན་ལག་བསྟར་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད།
རོའུ་ཀྲར་གསར་འགྱུར་ལས་ཁང་གིས། འདི་ལོ་ནི་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ངོ་༥༠འཁོར་བའི་དུས་ཆེན་ཚུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་༡༩༥༠ལོར་བོད་ཞི་བས་བཅིངས་བགྲོལ་བཏང་ནས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་དཔལ་ཡོན་དང་། ཡར་རྒྱས་ཆེན་པོ་བཏང་བ་ཡིན་ཟེར་ཤོད་ཀྱི་ཡོད་པ་ཡིན། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བོད་མི་ཚོས། རྒྱ་ནག་གཞུང་གིས་ལོ་ངོ་འདི་དག་ནང་བོད་མི་ཚོའི་ཐོག་ལ་དྲག་གནོན་དང་སྡུག་རྩུབ་བཏང་བ་དེ་ཡིས་བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་བྱུང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད།
ད་དུང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguoཡིས་བཤད་པའི་སྐད་ཆ་རྣམས། དེ་རིང་རེས་གཟའ་ཕུར་བུའི་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པ་ཐོག་འདོན་སྤེལ་བྱས་པ་ལུང་འདྲེན་བྱས་པའི་ནང་། བོད་ནང་དུ་ཟིང་ཆའི་གནས་ཚུལ་ཙམ་ལས་གནོད་སྐྱོན་ཆེ་བ་གང་ཡང་བྱུང་མྱོངས་མེད་ལུགས་དང་། རྒྱ་ནག་གི་བརྟན་ལྷིང་ནི་བོད་ཕྱོགས་ཡོངས་ཀྱི་བརྟན་ལྷིང་དང་། བདེ་འཇགས་ཀྱི་འབྲེལ་བ་ཆགས་ཡོད་པའི་སྐོར་དང་། གལ་ཆེའི་རྩ་དོན་དེ་བཞིན་བོད་ཀྱི་ས་གནས་དང་ས་ཁུལ་གང་དུ་གནས་པའི་བོད་ལ་ཤ་ཞེན་ཅན་དང་རྒྱ་ཧན་མི་རིགས་ལས་བྱེད་པ་ཚང་མས་གོང་འཕེལ་གཏོང་དགོས་པའི་སྐོར་བཤད་ཡོད་ལ། ད་དུང་ཏང་གི་རྩ་འཛུགས་ཡར་རྒྱས་བཏང་ནས་བོད་ཡར་རྒྱས་ལ་ཞབས་འདེབས་ཞུ་དགོས་པ་དང་ཆབས་ཅིག་ཏང་གི་རྩ་འཛུགས་ཀྱི་ལས་བྱེད་པ་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་ཀྱི་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་དང་ཁ་བྲལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱེད་དགོས་པ་དང་། ལྷག་པར་དུ་བོད་མིའི་བསམ་པའི་འཁྱེར་བཟོ་བརྟན་པོ་བཟོ་ཐབས་ལ་ཏང་གི་སྒྲིག་འཛུགས་ཀྱིས། མི་མང་གི་བསམ་ཚུལ་དང་གསར་འགྱུར་བརྒྱུད་ལམ་ཁག་དང་། དྲ་རྒྱ་སོགས་ནི་བོད་ཀྱི་ས་ཁུལ་དང་ས་གནས་གཅིག་ཀྱང་མ་ལུས་པའི་ཁྱིམ་ཚང་མི་རེ་ངོ་རེའི་ནང་བཏང་འཛིན་བྱ་དགོས་པ་དང་། དེའི་ཚབ་ཏུ་གཞུང་གི་བརྙན་འཕྲིན་བལྟ་རྒྱུ་དང་རླུང་འཕྲིན་ཉན་དུ་བཅུག་དགོས་པའི་སྐོར་བཤད་ཡོད་ལུགས་བཀོད་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎