ཨོ་ལིམ་པིག་རྩེད་འགྲན་སྐབས་གསར་འགོད་རང་དབང་སྐོར།

རྒྱ་ནག་གིས་རྒྱལ་སྤྱིའི་རྩེད་འགྲན་རིང་ཕྱི་རྒྱལ་གསར་འགོད་པ་ཚོར་གནས་ཚུལ་གཏོང་སྤེལ་གྱི་རང་དབང་སྤྲོད་རྒྱུའི་ཁས་ལེན་བསྐྱར་དུ་བྱས་ཡོད་པ་རེད།

2008.07.11

༄༅༎དེ་རིང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་རིང་མིན་རྒྱ་ནག་ཏུ་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རིང་ལ་ཕྱི་རྒྱལ་གསར་འགོད་པ་ཚོར་གནས་ཚུལ་གཏོང་སྤེལ་གྱི་རང་དབང་སྤྲོད་རྒྱུའི་ཁས་ལེན་བསྐྱར་དུ་བྱས་ཡོད་པ་རེད།

རྒྱ་ནག་གི་དཔོན་རིགས་གོ་གནས་ཨང་ལྔ་པ་ཡིན་པ་ ལི་ཀྲང་ཁྲུན་ གྱིས་རེས་གཟའ་ཕུར་བུའི་ཉིན་གསར་དུ་བཙུགས་པའི་པེ་ཅིང་རྒྱལ་སྤྱིའི་གསར་འགྱུར་ལྟེ་གནས་ཁང་དུ་འཚམས་འདྲིར་བསྐྱོད་པའི་སྐབས་ཕྱི་ཟླ་བརྒྱད་པའི་ཚེས་༨ ནས་ ༢༤ བར་ཨོ་ལིམ་པིག་རྩེད་འགྲན་ཚུགས་པའི་རིང་ལ་ཕྱི་རྒྱལ་གསར་འགོད་པས་རྩེད་འགྲན་གྱི་གནས་ཚུལ་གཏོང་སྤེལ་བྱེད་རྒྱུའི་སྐུལ་དེད་གཏོང་གི་ཡོད་པ་དང༌། རྩེད་འགྲན་རིང་ལ་རང་དབང་གི་སྒོ་ནས་གནས་ཚུལ་མཁོ་གྲུབ་བྱེད་ཆོག་རྒྱུའི་ཁས་ལེན་བྱས་པ་དེ་ནི་དེ་སྔོན་ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་གོ་སྐབས་ཐོབ་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་གི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པའི་ནང་གི་འབྲུ་དོན་གཅིག་ཡིན་ཞིང་སྐབས་དེར་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་འགྲན་རྩོད་བྱེད་པའི་སྐབས་ལྦང་ལྦེ་ཡིས་ཕྱི་རྒྱལ་གསར་འགོད་པ་རྒྱ་ནག་ཏུ་སླེབས་པའི་སྐབས་གནས་ཚུལ་གཏོང་སྤེལ་བྱ་རྒྱུའི་རང་དབང་ཆ་ཚང་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད། ཡིན་ནའང་ཉེ་ཆར་གཟའ་འཁོར་སྔོན་མ་དེར་འཇར་མ་ནིའི་ཛི་ཌི་ཨེཕ་གསར་འགྱུར་ལས་ཁང་གིས་རྒྱ་ནག་ལྕགས་རི་རིང་པོ་ནས་ཐད་ཀར་གནས་ཚུལ་གཏོང་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པ་དང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་རེས་གཟའ་ཟླ་བའི་ཉིན་སྙན་ཐོ་ཞིག་བཏོན་གནང་བའི་ནང༌། རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་རྩིས་མེད་རྡོག་རོལ་བཏང་བ་མ་ཟད་ཕྱི་རྒྱལ་གསར་འགོད་པ་བཀག་འགོག་བྱས་པ་དང་ཡ་ན་གསར་འགོད་པར་མུ་མཐུད་ནས་ཉེན་བརྡའི་འཇིགས་སྐུལ་བྱས་ཏེ་གསར་འགོད་པ་ཁག་ཅིག་ལ་ཚེ་སྲོག་གི་ཉེན་ཁའི་འཇིགས་སྐུལ་གྱི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎