རྒྱ་ནག་གཞུང་གིས་དགེ་འདུན་པ་ཞིག་དང་གླུ་བ་ཞིག་ལ་བཙོན་ཁྲིམས་བཅད་འདུག


2013.03.13
ཁམས་སྐྱི་རྒུ་མདོ་ཁྲི་འདུ་རྫོང་ནས་ཡིན་པའི་དགེ་འདུན་པ་ཞིག་དང་གླུ་བ་ཞིག་ལ་རྒྱ་གཞུང་གིས་ལོ་༥ནས་༦བར་གྱི་བཙོན་ཁྲིམས་བཅད་པའི་གནས་ཚུལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།ཀུན་བཟང་བསྟན་འཛིན།

༄༅༎ཕྱི་ལོ་༢༠༡༢ ཟླ༩ ཚེས༡ ཉིན་བོད་ཀྱི་ཁམས་སྐྱེ་རྒུ་མདོ། ཁྲི་འདུ་རྫོང་ཁོངས་སུ་གཏོགས་པའི་ཉ་མཚོ་ཟིལ་དཀར་དགོན་གྱི་དགེ་འདུན་པ་ལྔ་འཇུ་བཟུང་བྱས་པའི་ནང་ནས། དབང་པོ་སྐྱོན་ཅན་ཡིན་པའི་དགེ་འདུན་པ་ངག་དབང་སྨོན་ལམ་ཟླ་བ་གཅིག་གི་རྗེས་སུ་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་དང་ཚུལ་ཁྲིམས་སྐལ་བཟང་ལགས་གཉིས་ལ་བཙོན་ཁང་ནང་ཟླ་ཤས་རིང་ཉེས་རྡུང་ཚད་མེད་བཏང་བས་རྐྱེན་གྱིས་སྐུ་གཟུགས་ལ་གནོད་སྐྱོན་ཚབས་ཆེ་བཏང་རྗེས།  གནས་སྐབས་བཙོན་ནས་ཀློད་བཀྲོལ་གཏོང་དགོས་བྱུང་འདུག འོན་ཀྱང་ད་ལོ་ ཟླ་༢ ཚེས་༢༣ ཉིན་བློ་བཟང་སྦྱིན་པ་ལགས་སླར་ཡང་རྒྱ་ནག་གཞུང་གིས་དགོན་པ་ནས་ བཙན་ཁྲིད་བྱས་ཏེ། ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུགཁོང་དགུང་ལོ་༣༡ ཡིན་པ་དང་། ཕ་མིང་རྟ་རྒྱལ་དང་མ་མིང་པདྨ་མཚོ་མོ། ད་ལྟའི་ཆར་ཁོང་ས་གནས་དང་བཙོན་ཁང་སོགས་གང་དུ་ཡོད་མེད་ཤེས་རྟོགས་གསལ་པོ་ཐུབ་ཀྱི་མེད་ལུགས་བོད་ནས་གནས་ཚུལ་བཏང་གནང་བཞག དེ་བཞིན་སྔ་ལོ་༢༠༡༢ཟླ་༤ཚེས་༡༩ཁམས་ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལགས་ཀྱིས། ༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་༽ ཞེས་པའི་ཆེད་སྒྲིག་བརྙན་འཁོར་ཞིག་འགྲེམས་སྤེལ་གནང་ཡོད་སྟབས། གླུ་བ་བློ་བློ་ལགས་རྒྱ་མིས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་གི་ཕ་མིང་འཇམ་དབྱངས་ཆོས་རྒྱལ་དང༌། མ་མིང་ཆོས་སྐྱིད་སྒྲོལ་མ་ཡིན་པ་དང༌ཁོང་ལོ་ ༣༠ རེད་འདུག བློ་བློ་ལགས་ཟླ་ཤས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་ ཕྱི་ཟླ་༢ ཚེས་༢༣ ཉིན་སླར་ཡང་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ།ཉེ་དུས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ད་ལྟའི་ཆར་ཁོང་ས་གནས་དང་བཙོན་ཁང་ག་བར་ཡོད་མེད་ཤེས་རྟོགས་གསལ་པོ་ཐུབ་ཀྱི་མེད་པའི་གནས་ཚུལ་ང་ཚོའི་རླུང་འཕྲིན་ཁང་ལ་འབྱོར་བྱུང༌།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎