རྒྱ་ནག་གཞུང་གིས་བོད་མི་ངོ་རྒོལ་བར་ཁྲིམས་ཐག་བཅད་སྐོར།

བོད་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་དཀར་མཛེས་ས་ཁུལ་གྱི་བོད་མི་གཉིས་ལ་བཙོན་འཇུག་ལོ་ཚད་ཁྲིམས་ཐག་བཅད་ཡོད་པ།

2009.02.20

༄༅༎ན་ནིང་བོད་མདོ་དབུས་ཁམས་གསུམ་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་གྲས་ཡིན་ལུགས་རྒྱ་ནག་གཞུང་གིས་ཉེས་བཙུགས་ཐོག་ནས་འཛིན་བཟུང་བྱས་པའི་ཁམས་དཀར་མཛེས་པང་རི་ན་བཙུན་དགོན་གྱི་བཙུན་མ་རང་ལོ་སུམ་ཅུ་སོ་ལྔར་ཕེབས་པའི་སོ་ལྷ་མཚོ་ལ་བཙོན་འཇུག་ལོ་བཅུའི་ལོ་ཚད་བཟོས་ཡོད་པ་དང་རང་ལོ་སུམ་ཅུ་སོ་དྲུག་ལ་ཕེབས་པའི་བོུ་ལ་བཙོན་འཇུག་ལོ་དགུའི་ལོ་ཚད་བཟོས་ཡོད་པའི་སྐོར་རེས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གནས་ཚུལ་སྤེལ་བཞག

དཀར་མཛེས་ཁུལ་གྱི་བོད་མི་རང་ལོ་བཅོ་བརྒྱད་ལ་སོན་པ་ངག་དབང་བཀྲིས་དང་རྡོ་རྗེ་བཀྲིས་གཉིས་ཀྱིས་ན་ནིང་སྤྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དཀར་མཛས་ཁུལ་དུ་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ནས་ཉེ་ཆར་ཁོང་གཉིས་པོར་བཙོན་འཇུག་ལོ་གསུམ་གྱི་ལོ་ཚད་བཟོས་ཡོད་པ་དང་དཀར་མཛེས་ས་གནས་ཁྲིམས་ཁང་གིས་ཉེ་བའི་ཆར་ཁྲིམས་ཁང་དེ་ནས་ཁྲིམས་ཐག་བཅད་པའི་གྱོད་དོན་མང་ཆེ་བ་ན་ནིང་གི་ངོ་རྒོལ་དང་འབྲེལ་བ་ཡོད་པའི་རིགས་ཤ་ཏག་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་ཡིན་ནའང་ད་རེས་ཉེ་ཆར་དཀར་མཛེས་ཁུལ་དུ་སླར་ཡང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་འཇུ་བཟུང་བྱས་པའི་གནས་ཚུལ་སྐོར་ལ་ལན་འདེབས་གང་ཡང་བྱེད་ཀྱི་མེད་པ་ཨེ་པི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་ན་ནིང་སྤྱི་ཟླ་གསུམ་པའི་ནང་གི་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་བོད་མི་དགུ་རྒྱ་ལྔ་བཅུ་ཙམ་འཛིན་བཟུང་བྱས་ཡོད་པ་དང་དེའི་ནང་ནས་མི་གྲངས་བདུན་ཅུ་དོན་དྲུག་ཙམ་ལ་བཙོན་འཇུག་ལོ་ཚད་ཁྲིམས་ཐག་བཅད་ཡོད་པའི་སྐོར་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎