རྒྱ་གཞུང་གིས་བོད་མི་ཁག་ཅིག་ལ་ཁྲིམས་ཐག་བཅད་ཡོད་པ།
2012.06.16
༄༅༎ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་ལ་ལོ་༢་ནས་གསུམ་བར་ཁྲིམས་ཐག་བཅད་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་བ་འདིའི་ཚེས་༢་ཉིན་རྔ་བ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ ཨ་འདུས་རྒྱལ་སྡེ་བའི་འགྱུར་ཁོ་ལ་ལོ་ ༢ དང༌། ཨ་འདུས་རྒྱལ་སྡེ་བའི་ཕུལ་བསྟན་ལ་ལོ་༣། གཞན་ཡང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ལ་ཉེ་སྔོན་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་༨་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག།