རྒྱ་ནག་ནང་རྔམ་སྟོན་ལ་སོགས་པར་དམ་བསྒྲགས་བཀག་སྡོམ།

རྒྱ་ནག་ནང་རྔམ་སྟོན་བྱེད་ཆེད་མང་ཚོགས་འདུ་འཛོམས་བྱེད་མཁན་བྱུང་ཡོད་ན་ཡང་གཞུང་ཕྱོགས་ནས་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་པ།

2011.03.05

༄༅༎ཉེ་བའི་ཆར་ཨ་རབ་ཡུལ་གྲུའི་ནང་མང་ཚོགས་ཀྱི་དབང་ཆ་གཅིག་བསྡུས་ལམ་ལུགས་མཇུག་སྒྲིལ་དགོས་པའི་ངོ་རྒོལ་རྔམ་སྟོན་ལས་འགུལ་གྱི་ཐོ་རླབས་དེ་རྒྱ་ནག་ནང་ལ་ཡང་འཕྱུར་ནས་སུས་སྤེལ་མིན་ཤེས་རྟོགས་གསལ་པོ་མེད་པའི་དྲ་རྒྱའི་ཐོག་ རྒྱ་ནག་ནང་གཟའ་ཉི་མ་ནམ་ཡིན་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་ རྒྱ་ནག་གི་གྲོང་ཁྱེར་བཅུ་གྲངས་ཤིག་མིང་འབོད་ཀྱིས་མང་ཚོགས་ཚོས་དུས་ཚོད་གཏན་འབེབས་ཐོག་ཕྱིར་འདོན་ནས་འདུ་འཛོམས་རྔམ་སྟོན་བྱ་རྒྱུའི་སྐུལ་སློང་བྱས་ཏེ་ ཉེ་བའི་གཟའ་འཁོར་གཉིས་གསུམ་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་གྲོང་ཁྱེར་ཧྲང་ཧད་དང་གོང་ཀྲའོ་སོགས་ནང་མང་ཚོགས་འདུ་འཛོམས་བྱེད་མཁན་བྱུང་ཡོད་ན་ཡང་ གཞུང་ཕྱོགས་ནས་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱས་པའི་འོག་མི་གྲངས་མང་པོ་འཛོམས་ཐུབ་མེད་ཅིང་ གནད་དོན་དེའི་ཐོག་ད་རེས་ཕྱི་ཟླ་གསུམ་པའི་ཚེས་༥རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཚུགས་པའི་སྐབས་རྒྱ་ནག་གཞུང་འབྲེལ་པེ་ཅིན་ཉིན་རེའི་ཚགས་ཤོག་ཐོག་དཔྱད་གཏམ་ཞིག་སྤེལ་ཡོད་པའི་ནང་  རྒྱལ་ཁབ་ཕྱི་ནང་གཉིས་ནང་ཡོད་པའི་དམིགས་ཡུལ་ངན་པ་འཛིན་མཁན་མི་ཁག་ཅིག་གིས་རྒྱ་ནག་དེ་བཞིན་ཟང་ཟིང་དང་འཁྲུག་རྩོད་ཀྱི་ལམ་བུར་ཁྲིད་རྩིས་བྱེད་ཀྱི་ཡོད་པ་དང་ ཁོང་ཚོས་དྲ་རྒྱ་བརྒྱུད་ནས་ཁྲིམས་འགལ་གྱི་འདུ་འཛོམས་བྱ་དགོས་པའི་སྐུལ་སློང་བྱས་ཏེ་ རྒྱ་ནག་ནང་རྙོག་ཟིང་བཟོ་ཐབས་བྱེད་ཀྱི་ཡོད་པ་མ་ཟད་ མི་ཁ་ཤས་ཀྱིས་དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བཞིན་པའི་གནས་སྟངས་དེ་རིགས་རྒྱ་ནག་ནང་ཡོང་རྒྱུའི་རེ་བ་རྒྱབ་ཀྱི་ཡོད་ཀྱང་ མེ་ཏོག་བ་སྤུ་འམ་ཀུནྡའི་གསར་རྗེ་ཟེར་བ་རྒྱ་ནག་ནང་ཡོང་མི་ཐུབ་པ་ཞིག་ཡིན་པ་དང་ དེ་ནི་སྟོང་བསམ་རང་ཡིན་ལུགས་བཀོད་ཡོད་པ་དང་འབྲེལ་རྒྱ་ནག་མི་མང་ཚོས་ལས་འགུལ་དེ་རིགས་ནང་བཞུགས་རྒྱུར་ཉེན་བརྡ་ཡང་བཏང་ཡོད་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎