བོད་ནང་གདུག་རྩུབ་དྲག་གནོན་ཆེ་རུ་བཏང་བར་སྐྱོན་བརྗོད།

རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རིང་བོད་ནང་གདུག་རྩུབ་དྲག་གནོན་ཆེ་རུ་བཏང་ཡོད་པ་དེར་བོད་རང་དབང་ལས་འགུལ་ནས་སྐྱོན་བརྗོད།

2008.08.18

༄༅༎རྒྱ་ནག་གཞུང་གིས་ ཨོ་ལིམ་པིག་རྩེད་འགྲན་རིང་ བོད་ནང་གདུག་རྩུབ་དྲག་གནོན་ཆེ་རུ་བཏང་ཡོད་པ་དེར་བོད་རང་དབང་ལས་འགུལ་ཞེས་པས་སྐྱོན་བརྗོད་གནང་འདུག

འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེས་རྒྱ་ནག་ལ་མིང་འཕྱས་ངནཔ་བྱུང་བ་བརྟེན་གདུག་རྩུབ་དྲག་གནོན་ཧ་ཅང་ཆེ་རུ་བཏང་ནས་གང་ལྟར་ཨོ་ལིམ་པིག་རྩེད་འགྲན་རིང་བོད་ས་ཡོངས་རྫོགས་བཙོན་ཁང་ལྟ་བུར་གྱུར་ཡོད་ལུགས་བོད་རང་དབང་ལས་འགུལ་གྱི་མགྲིན་ཚབ་པ་ མེཊེ་ལྦིཊི་ཁེསེ་ ཡིས་སྐྱོན་བརྗོད་གནང་འདུག རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་པ་མ་བཟོད་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་འཛམ་གླིང་གི་ཡུལ་གྲུ་མང་པོས་བསྐོར་བསྐྱོད་སྐབས་ངོ་རྒོལ་ཤུགས་ཆེ་བྱས་པ་དེས་རྒྱ་ནག་ལ་མིང་འཕྱས་ཆེན་པོ་བྱུང་ཡོད་རེད་ རྩེད་འགྲན་གྱི་སྔ་རོལ་དུ་རྒྱ་ནག་གིས་བོད་ནང་ཉེན་སྲུང་མི་སྣ་དང་དམག་མི་འབོར་ཆེན་འཕར་མ་བཏང་ནས་མི་མང་ཙམ་མ་ཡིན་པར་དགོན་སྡེ་ཁག་གི་གྲ་བཙུན་རྣམས་ལའང་སྡང་ཟུག་གི་སྲིད་བྱུས་ལག་བསྟར་བྱས་ཡོད་ལུགས་གོང་ཞུས་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱས་འདུག རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་སྐྱོན་བརྗོད་དེ་རིགས་ལ་ལན་འདེབས་རྩ་བ་ནས་བྱས་མེད་ཀྱང་ རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ཆེད་རྩོམ་ཞིག་སྤེལ་བའི་ནང་ བོད་ནང་དོན་རྐྱེན་སྐོར་ཕྱིའི་རྒྱལ་ཁབ་ཚོས་དྲང་བདེན་མི་ཡིན་པའི་སྐྱོན་བརྗོད་བྱས་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎