བོད་ནང་ས་ག་ཟླ་བའི་རིང་སྔར་བས་དམ་བསྒྲགས།

བོད་ནང་ས་ག་ཟླ་བའི་དུས་ཆེན་རིང་ཆོས་ཕྱོགས་ཀྱི་དགེ་བར་ཞུགས་མི་ཆོག་པའི་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་འདུག

2009.06.04

༄༅༎བོད་ནང་ས་ག་ཟླ་བའི་དུས་ཆེན་རིང་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

བཙན་བྱོལ་བོད་གཞུང་གི་དྲ་གནས་སུ་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ས་ག་ཟླ་བའི་དུས་ཆེན་དང་ལྷག་པར་དུ་ས་ཟླའི་ཚེས་བཅོ་ལྔའི་ཉིན་མོ་འདི་བཞིན་ཆོས་ཕྱོགས་ཀྱི་དགེ་བར་བརྩོན་རྒྱུར་དུས་ཆེན་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ནས་རང་རང་སོ་སོའི་དགེ་བའི་ལས་ལ་འཇུག་རྒྱུའི་བཟང་སྤྱོད་ཀྱི་དགེ་བ་གསོག་རྒྱུའི་གོ་སྐབས་བཟང་ཤོས་ཤིག་ཡིན་ནའང་དེའི་སྐབས་ཆོས་ཕྱོགས་ཀྱི་དགེ་བར་ཞུགས་མི་ཆོག་པའི་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་འདུག དེ་ཡང་གནས་ཚུལ་ནང་བཀོད་པར་ལྟར་ན་གྲོང་ཁྱེར་ལྷ་སའི་ནང་གཞུང་གི་ལས་བྱེད་དང་སློབ་ཕྲུག་ཚོ་ཚོགས་འདུ་བསྐོངས་ཚོགས་ཀྱིས་ཁོང་ཚོར་དུས་ཆེན་རིང་དགོན་པ་ཁག་ལ་ཆོས་མཇལ་འགྲོ་མི་ཆོག་པའི་བཀོད་འདོམས་བྱས་ཡོད་འདུག དེ་དང་ཕྱོགས་མཚུངས་གྲོང་ཁྱེར་ནང་ཉེན་རྟོག་མི་སྣ་དང་དམིགས་བསལ་གསོ་ཉུལ་རིགས་མང་པོ་ཞིག་འགྲེམས་འཇོག་བྱས་ནས་མང་ཚོགས་ཚོར་ཡང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་དམིགས་བསལ་དཀའ་ངལ་འཕར་མ་ཞིག་བཟོས་ཡོད་འདུག ཡང་ཐེངས་འདིའི་དམ་བསྒྲགས་ཀྱི་ལས་དོན་ནང་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཚོ་དང་དེ་བཞིན་ཕྱི་རྒྱལ་ལ་ཡོད་པའི་སྤུན་ཉེ་འབྲེལ་ཡོད་རིགས་ཚོར་དམིགས་བསལ་འདྲི་བརྩད་དང་ཞིབ་བཤེར་བྱེད་རྒྱུའི་ལས་དོན་ཡང་སྤེལ་ནས་མང་ཚོགས་ནང་སྡོད་ལྷོད་མི་བཟོད་པའི་བསུན་བཙིར་བཟོ་བཞིན་ཡོད་པའི་སྐོར་གོང་ཞུས་གནས་ཚུལ་ནང་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎