རྒྱ་ནག་ཏུ་སླར་ཡང་རྫས་དུག་འོ་རྩམ་ཐོན།

རྒྱ་ག་ཏུ་དུག་རྫས་བསྲེས་ལྷད་བཏང་བའི་འོ་རྩམ་རིགས་གཉིས་སྟེར་བའི་རྗེས་ཕྲུ་གུ་གསུམ་རྐྱེན་ལམ་དང་ཕྲུ་གུ་༣༥ནད་མནར་དུ་གྱུར་ཡོད་པའི་སྐོར།

2011.04.08

༄༅༎རྒྱ་ནག་གི་ལྷོ་ནུབ་ཀན་སུའུ་ཞིང་ཆེན་ནང༌། ཕྲུ་གུར་དུག་རྫས་བསྲེས་ལྷད་བཏང་བའི་ས་གནས་ཀྱི་ཐོན་སྐྱེད་འོ་རྩམ་རིགས་གཉིས་སྟེར་བའི་རྗེས། ཕྲུ་གུ་གསུམ་རྐྱེན་ལམ་ཕྱིན་པ་དང་ཕྲུ་གུ་༣༥ནད་མནར་དུ་གྱུར་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་བཀོད་ཡོད་པ་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་བཞག

ཀན་སུའུ་ཞིང་ཆེན་གྱི་ས་གནས་དཔོན་རིགས་དང་འཕྲོད་བསྟེན་ལས་ཁང་ནས་བཤད་པར་གཞིགས་ན། འོ་རྩམ་གྱིས་ཕྲུ་གུ་༣༥ནད་མནར་བྱུང་བ་དེ་རྣམས་ལོ་༡༤མན་ཡིན་པ་དང༌། ས་གནས་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་ཞིང༌། ས་གནས་ཀྱི་འོ་རྩམ་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲ་གཉིས་པོ་སྒོ་རྒྱབ་ཏེ་བཟོ་གྲའི་འགན་འཁུར་བར་གནས་ཚུལ་བྱུང་རྐྱེན་འདྲི་ཞིབ་བྱེད་བཞིན་ཡོད་ལུགས་དང༌། ཕྲུ་གུ་གཅིག་གི་གནས་སྟངས་ཧ་ཅང་གི་ཛ་དྲག་གིས་སྨན་བཅོས་བྱེད་མུས་དང་གཞན་རྣམས་གནས་སྟངས་ཇེ་སྡུག་ཏུ་ཕྱིན་མེད་པའི་སྐོར་བཤད་ཡོད་པ་རེད། ད་རེས་ཀན་སུའུ་ཞིང་ཆེན་ནང་དུ་འོ་རྩམ་ལ་དུག་རྫས་བསྲེས་ལྷད་ཕྱིན་པ་ཚོང་འགྲེམས་བྱས་ཏེ་ཕྲུ་གུའི་བདེ་ཐང་ལ་གནོད་འཚེ་བཟོས་པའི་དོན་རྐྱེན་དེ་ནི། རྒྱ་ནག་གི་ཟ་བཅའི་ཐོག་སྐྱོན་ཆའི་གནས་ཚུལ་གསར་དུ་ཐོན་པའི་དོན་རྐྱེན་ཞིག་ཡིན་པ་མ་ཟད། དམིགས་བསལ་འཛད་སྤྱོད་པའི་བསམ་བློའི་ནང་དོགས་གཞི་ཆེ་རུ་འགྲོ་བའི་ཁར་བློ་འཚབ་ཀྱི་གནས་སྟངས་ཁྱབ་ཆེ་རུ་འགྲོ་གི་ཡོད་པ་བཞིན་དེའི་ནང་ནས་འོ་མ་སོགས་ལ་དུག་རྫས་བསྲེས་ལྷད་ཕྱིན་པའི་དོན་རྐྱེན་རིགས་འདོན་པའི་སྐབས་དམིགས་བསལ་མི་དམངས་ཀྱིས་བློ་འཚབ་ཆེ་ཤོས་བྱེད་ཀྱི་ཡོད་པ་རེད། གཟའ་འཁོར་སྔོན་དེར་རྒྱ་ནག་གི་དངོས་ཟོག་སྤུས་ཚད་ཞིབ་བཤེར་ལས་ཁང་གིས། སེམས་ཅན་གྱི་འོ་མ་ལས་ཐོན་སྐྱེད་བྱེད་པའི་ཟ་བཅའི་སྤུས་ཚད་འགན་ལེན་སྐྲུན་ཐབས་ཀྱི་ཆེད་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་འོ་མའི་ཐོན་སྐྱེད་ཕྱེད་ཀ་ལྷག་ཚོང་འགྲེམས་བྱེད་མི་ཆོག་པ་བཀག་འགོག་བྱས་ཡོད་པ་རེད། ༢༠༠༨ལོར་རྒྱ་ནག་གི་འོ་རྩམ་བཟོ་གྲ་ཁག་ཅིག་གིས་ཕྲུ་གུའི་འོ་རྩམ་ནས་རྫས་འགྱུར་བསྲེས་ལྷད་བཏང་བའི་རྐྱེན་གྱིས་ཉུང་མཐར་ཕྲུ་གུ་དྲུག་རྐྱེན་ལམ་དུ་ཕྱིན་པ་དང་ཕྲུ་གུ་འབུམ་གསུམ་ལྷག་ནད་མནར་དུ་གྱུར་བའི་དོན་རྐྱེན་དེ་རྒྱ་ནག་ནང་དུ་མི་དམངས་ཀྱིས་བློ་འཚབ་བྱེད་ཡུལ་གྱི་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎