རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཞེས་བྱུང་བའི་རྒྱུ་མཚན།

ལོ་ལྔ་བཅུའི་རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་དེ་རྒྱུ་མཚན་གཙོ་བོ་ཞིག་ཡིན་པའི་སྐོར་དཔྱད་གླེང་ཞིག་སྤེལ་འདུག

2010.02.24

༄༅༎རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཟེར་བ་བྱུང་བཞིན་པའི་རྒྱུ་མཚན་གཙོ་བོ་ནི་འདས་པའི་ལོ་ལྔ་བཅུའི་རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་དེ་ཡིན་པ་ ཧོང་ཀོང་དུ་རྟེན་གཞི་བྱེད་པའི་གསར་འགོད་པ་དང་གནད་དོན་ཉམས་ཞིབ་པ་ཞིག་གིས་ཀོ་རི་ཡའི་དུས་བབས་གསར་ཤོག་གི་ནང་དཔྱད་གླེང་ཞིག་སྤེལ་འདུག་པ་དེའི་གནང་བཀོད་འདུག།

དེ་ཡང་སྐུ་ཞབས་ཕེརེངཀ་ཆིང་གིས་ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་པར་རྒྱ་ནག་གཞུང་གིས་ དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་རག་པ་བྱས་པ་ཞིག་ཡིན་པ་དང་ དེས་རྒྱ་ནག་མི་དམངས་ཀྱི་རྒྱལ་ཞེན་གྱི་བསམ་བློར་ཕོག་ཐུག་ཆེན་པོ་བཟོས་ཏེ་ རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་གནོད་སྐྱོན་ཆེན་པོ་བཏང་ལུགས་ཀྱི་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་བ་དེ་ནི་དོན་དངོས་དང་མི་མཚམས་པ་ཞིག་ཡིན་པ་གསུངས་ཤིང་ སྐུ་ཞབས་ཆིང་གིས་ ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མས་རྒྱ་མིའི་སེམས་ལ་ཕོག་ཐུག་མི་ཡོང་ཆེད་སྔ་ལོ་ཕྱི་ཟླ་བཅུ་པའི་ནང་ཏཱ་ལའི་བླ་མ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཆིབས་བསྒྱུར་བསྐྱངས་སྐབས་མཇལ་འཕྲད་གནང་མེད་པར་མ་ཟད་ རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་གི་འགོ་འཁྲིད་ཚོར་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་ ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུ་ཡིན་པ་སོགས་སྔོན་ཚུད་ནས་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་སྲིད་འཛིན་ཨོ་སྦ་མའི་བཟང་སྤྱོད་ལ་དགའ་བསུའི་རྣམ་འགྱུར་བསྟན་རྒྱུའི་ཚབ་ཏུ་ ཨ་མི་རི་ཀས་འཛམ་གླིང་གྲངས་དམག་གི་ལྟ་བ་བཟུང་སྟེ་ རྒྱ་ནག་ལ་འགོག་རྒོལ་ཆེད་བོད་ཀྱི་གནད་དོན་དེ་བེད་སྤྱོད་བྱེད་བཞིན་ཡོད་པའི་བསྙོན་བཙུག་བྱས་ཡོད་སྟབས་ ཨ་མི་རི་ཀའི་ངོས་ནས་རྒྱ་ནག་ལ་མཐུན་ཐབས་ཇི་ཙམ་བྱས་ཀྱང་དེ་དག་ལ་ཕར་ཕྱོགས་ནས་བཟང་ཕྱོགས་ཀྱི་ངོས་ལེན་ཙམ་ཡང་མེད་སྟབས་མ་འོངས་པར་རྒྱ་ནག་ལ་ངོ་བསུའི་བྱ་སྤྱོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་མཚམས་འཇོག་བྱེད་སྲིད་པའི་དགོངས་ཚུལ་གསུངས་འདུག།

ལྷག་པར་དུ་གསར་འགོད་པ་དང་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་ཕེརེང་ཆིང་གིས་འདས་པའི་ལོ་ལྔ་བཅུའི་རིང་རྒྱ་ནག་གཞུང་གིས་བོད་ནང་དངུལ་འབོར་ཆེན་འགྲོ་གྲོན་བཏང་མིན་ལ་མ་ལྟོས་པར་དོན་དངོས་བོད་ཐོག་འཛིན་པའི་སྲིད་བྱུས་ནི་ཡོངས་སུ་ནོར་འཁྲུལ་ཅན་ཞིག་ཡིན་པ་གསུངས་པ་དང་ ད་དུང་ཁོང་གིས་ གལ་ཏེ་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་དེ་ལམ་ལྷོངས་ལྡན་པ་ཞིག་ཡིན་ཚེ་ དེང་གི་ཆར་འཛམ་གླིང་ནང་བོད་ཀྱི་གནད་དོན་ཞེས་པ་དེ་ཡོང་མི་དགོས་པ་ཞིག་རེད་ཅེས་གསུངས་འདུག།

དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་དེ་དོར་ཏེ་ ཕྱིར་སྡོད་བོད་མི་ཚོ་བོད་ནང་ཕྱིར་ལོག་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་ཤིང་ དེ་ཡང་གཙོ་བོ་བོད་མི་ཚོས་དད་གུས་རྩེ་གཅིག་ཏུ་ཞུ་ཡུལ་ཏཱ་ལའི་བླ་མ་མཆོག་ལ་འཇིགས་བསྐུལ་དྲག་སྤྱོད་པ་དང་ཁ་བྲལ་བ་ཞེས་སོགས་ཀྱི་མཚན་དམས་ཞུ་རྒྱུ་མཚམས་འཇོག་བྱེད་དགོས་ཀྱི་རེད་ ཇི་སྲིད་དུ་བྱ་སྤྱོད་འདི་རིགས་མཚམས་འཇོག་མ་བྱས་བར་ རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་དུས་ནམ་ཡང་ལམ་ལྷོངས་འབྱུང་མི་སྲིད་པ་ཞིག་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎