རྒྱ་གཞུང་གིས་ཆོས་ལུགས་ཚོགས་པར་སྔར་བས་དམ་བསྒྲགས།

རྒྱ་ནག་གཞུང་གིས་ཆོས་ལུགས་ཚོགས་པ་ཁག་ཐོག་ལ་དམ་བསྒྲགས་སྔར་བས་དམ་བསྒྲགས་དང་བཏང་འཛིན་གྱི་བྱ་ཐབས་ཤུགས་ཆེ་རུ་བཏང་བ།

2010.03.19

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཆོས་ལུགས་ཚོགས་པ་ཁག་གི་ཐོག་དཔལ་འབྱོར་གྱི་བཏང་འཛིན་བྱེད་རྒྱུའི་སྒྲིག་སྲོལ་གསར་པ་ཞིག་གཏན་འབེབས་གསལ་བསྒྲགས་བྱས་ཏེ། བྱ་སྤྱོད་དེ་ནི་ད་ཡོད་ཆོས་ལུགས་ཚོགས་པ་ཁག་ཐོག་ལ་དམ་བསྒྲགས་ཡོད་མུས་ཐོག་སྔར་བས་དམ་བསྒྲགས་དང་བཏང་འཛིན་གྱི་བྱ་ཐབས་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་རེད།

དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང། ཆོས་ལུགས་ཚོགས་པ་ཁག་ཐོག་ལ་བཏང་འཛིན་གྱི་སྒྲིག་སྲོལ་གསར་པ་དེ་ནི། རྒྱ་ནག་དབུས་གཞུང་གིས་ཆོས་ལུགས་ལས་དོན་ལྷན་ཁང་གིས་གཏན་འབེབས་དང་གསལ་བསྒྲགས་བྱས་པ་ཞིག་ཡིན་ཞིང། སྒྲིག་སྲོལ་དེའི་ནང་དུ་མ་འོངས་ཆོས་ལུགས་སློབ་གཉེར་ཁང་ཚོས་ངེས་པར་དུ་དངུལ་རྩིས་ལས་ཀ་བྱེད་མཁན་གླ་དགོས་པ་དང། དཔལ་འབྱོར་གྱི་འགྲོ་སོང་དང་ཡོང་འབབ་རྣམས་འབྲེལ་ཡོད་གཞུང་གི་དཔོན་རིགས་ལ་སྙན་གསེང་ཞུ་དགོས་ཀྱི་ཡོད་པ་དང། དེ་ལྟ་བུའི་སྒྲིག་སྲོལ་གསར་པ་གཏན་འབེབས་བྱེད་དགོས་པའི་དམིགས་ཡུལ་ནི། རྒྱ་ནག་རྒྱལ་ཡོངས་སུ་ཆོས་ལུགས་ཚོགས་པ་འམ་སློབ་གཉེར་ཁང་ཆིག་འབུམ་གསུམ་ཁྲི་ཡོད་པ་དེ་རྣམས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཐོག་ལ་གཞུང་ཕྱོགས་ནས་ལྟ་རྟོགས་ལེགས་པོ་བྱེད་ཐུབ་པའི་ཆེད་དུ་ཡིན་ཚུལ་དང། ཡང་སྒྲིག་སྲོལ་དེ་ཡིས། ཆོས་ལུགས་ཚོགས་པ་ཁག་གིས་མི་དམངས་ཀྱི་མ་དངུལ་ཧམ་ཟ་བྱེད་པའམ་བེད་སྤྱོད་ལོག་པ་མི་གཏོང་བའི་སྔོན་འགོག་བྱེད་རྒྱུར་ཕན་ཐོགས་སྐྲུན་ཐུབ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

རྒྱ་ནག་ནང་དུ་གཞུང་གིས་ཆོས་ལུགས་རང་དབང་ཡོད་ཚུལ་ཤོད་ཀྱི་ཡོད་ཀྱང། དོན་དངོས་ལག་བསྟར་བྱེད་ཡག་ནི། ཆོས་ལུགས་ཚོགས་པའམ་སློབ་གཉེར་ཁང་གང་ཡིན་རུང་ངེས་པར་དུ་རྒྱ་ནག་གཞུང་ལ་དེབ་སྐྱེལ་བྱེད་དགོས་པའི་སྲིད་ཇུས་ཀྱི་ཐོག་ནས་ཆོས་ལུགས་ཐོག་ལ་དམ་བསྒྲགས་བྱེད་པ་དང། གཞུང་གིས་ངོས་ལེན་མེད་པའི་ཆོས་ལུགས་ཚོགས་པ་ཁག་གི་ཐོག་ལ་རྡུང་རྡེག་དང་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པར་བརྟེན་ཨ་མི་རི་ཀས་དུས་རྒྱུན་དུ་ནས། རྒྱ་ནག་གཞུང་ལ་ཆོས་ལུགས་དད་མོས་བྱེད་མཁན་མི་དམངས་ས་ཡ་མང་པོར་དམ་བསྒྲགས་དང་དྲག་གནོན་བྱེད་པའི་བྱ་སྤྱོད་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎