རྒྱ་ནག་ཏུ་ས་ཁང་བཙན་འཕྲོག་གི་བྱ་སྤྱོད་འགོག་ཐབས།

རྒྱ་ནག་གཞུང་ཕྱོགས་ནས་མི་དམངས་ཀྱི་ས་ཁང་བཙོན་འཕྲོག་བྱེད་པའི་བྱ་སྤྱོད་འགོག་ཐབས་ཀྱི་ཁྲིམས་ལུགས་དེ་དེ་རིང་ནས་དམ་དུ་གཏོང་རྒྱུ།

2012.04.10

༄༅༎རྒྱ་ནག་ནང་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱེད་པའི་བྱ་སྤྱོད་དེ་ཡིས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་མཁན་དང་ལྷག་དོན་རྒྱལ་ནང་དུ་སྤྱི་ཚོགས་དང་ཆབ་སྲིད་ཟང་ཟིང་བཟོ་མཁན་གྱི་འབྱུང་རྩ་གཙོ་བོ་ཞིག་ཡིན་པར་ངོས་འཛིན་གྱིས་རྒྱ་ནག་གཞུང་ཕྱོགས་ནས་མི་དམངས་ཀྱི་ས་ཁང་བཙོན་འཕྲོག་བྱེད་པའི་བྱ་སྤྱོད་འགོག་ཐབས་ཀྱི་ཁྲིམས་ལུགས་དེ་དེ་རིང་ནས་དམ་དུ་གཏོང་རྒྱུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 
རྒྱ་ནག་ནང་དུ་གཞུང་གི་རྒྱབ་རྟེན་ལ་བརྟེན་ནས་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱེད་པའི་བྱ་སྤྱོད་འགོག་ཐབས་སུ་འབྲེལ་ཡོད་གཞུང་གི་དཔོན་རིགས་ནས་ལམ་སྟོན་བྱེད་ཀྱི་ཡོད་ཀྱང་དཔལ་འབྱོར་ལ་དགའ་བའི་དཔོན་རིགས་ཀྱིས་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱས་ཏེ་གསར་དུ་འཛུགས་སྐྲུན་བྱེད་པ་དང༌།  ཡང་ན་ས་ཁང་རྩ་གཏོར་བཏང་སྟེ་མི་དམངས་ལ་ཁྲོམ་རའི་ཐོག་གི་ས་ཁང་གི་རིན་གོང་ལས་དམའ་བ་སྤྲོད་པ་སོགས་ཁོང་ཚོར་ས་ཁང་གི་གུན་གསབ་འདོད་བློ་ཁེངས་པ་མ་བྱུང་བའི་རྙོགས་གླེང་མང་པོ་ཡོང་བཞིན་ཡོད་པ་ལྟར། ༢༠༡༡ ལོའི་ ཕྱི་ཟླ་དང་པོའི་ནང་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱེད་པ་འགོག་ཐབས་ཀྱི་
ཁྲིམས་ལུགས་གསར་པ་ཞིག་གཏན་འབེབས་བྱས་ཏེ། དེའི་ནང་དུ་བཙན་དབང་གི་ཐོག་ནས་ས་ཁང་གི་བདག་པོ་ཕྱིར་བུད་བྱ་མི་ཆོག་པ་དང༌། ས་ཁང་གི་གུན་གསབ་ངེས་པར་དུ་ཁྲོམ་རའི་རིན་གོང་ལས་་དམའ་བ་སྤྲོད་མི་ཆོག་པ་སོགས་ལག་བསྟར་བྱ་དགོས་པའི་བཤད་ཡོད་ཀྱང་ཁྲིམས་ལུགས་གསར་པ་དེ་དག་དོན་དམ་གྱི་ལག་བསྟར་དོན་འཁྱོལ་ཡོང་གི་མེད་པ་རེད
རེས་གཟའ་ཟླ་བའི་ཉིན་རྒྱ་ནག་མི་དམངས་ཆེས་མཐོའི་ཁྲིམས་ཁང་ནས་ཚོང་ལས་པ་དང་གཞུང་གི་དཔོན་རིགས་ནས་གཞུང་རྒྱབ་རྟེན་བྱས་ཏེ་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་མེད་པའི་བྱ་སྤྱོད་འགོག་ཐབས་ཀྱི་ཆེད་དུ་ཁྲིམ་ལུགས་གསར་པ་དེ་ལག་བསྟར་བྱ་རྒྱུའི་བསྐྱར་དུ་ཕྱིར་བསྒྲགས་བྱས་པ་མ་ཟད། ས་ཁང་དོ་བདག་མི་དམངས་ཚོའི་ཁེ་ཕན་དང་ཐོབ་ཐང་འགན་ལེན་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎