བོད་དུ་སློབ་ཆུང་ནང་སྐད་ཡིག་སློབ་ཁྲིད་གནས་སྟངས།

བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གིས་ཞིང་ཁུལ་ཁག་ཏུ་སྐད་ཡིག་གཉིས་སློབ་ཁྲིད་བྱེད་སའི་སྔོན་འགྲོའི་སློབ་ཆུང་༡༣༤གསར་རྒྱག།

2011.03.22

༄༅༎བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གིས་བོད་ཀྱི་ཞིང་ཁུལ་ས་གནས་ཁག་ཏུ་སྐད་ཡིག་གཉིས་སློབ་ཁྲིད་བྱེད་སའི་ སྔོན་འགྲོའི་སློབ་ཆུང་༡༣༤གསར་རྒྱག་དང་ད་ལྟ་ཡོད་བཞིན་པའི་ཞིང་ཁུལ་ས་གནས་ཀྱི་སློབ་གྲྭ་༢༠ཙམ་ཞིག་ཉམ་གསོ་རྒྱ་བསྐྱེད་གཏོང་རྒྱུའི་འཆར་གཞི་འདུག།

རྒྱ་ནག་གིས་བོད་ནང་སྐད་ཡིག་གཉིས་སློབ་ཁྲིད་བྱ་རྒྱུའི་སློབ་གསོའི་འཆར་གཞི་དེ་ནི་ཕྱི་ཚུལ་དུ་བོད་པའི་སློབ་ཕྲུག་ཚོར་རྒྱ་སྐད་དང་བོད་སྐད་གཉིས་ཀ་སློབ་ཁྲིད་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བཏོན་པ་ཙམ་ལས། དོན་དངོས་སུ་སློབ་ཚན་བྱིངས་རྒྱ་སྐད་ཐོག་ནས་སློབ་ཁྲིད་དང་ཞོར་ལ་བོད་ཡིག་དེ་བཞིན་སྐད་ཡིག་རང་གི་ངོ་བོའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དེ་ཡིན་པ་རེད། དེ་ཡང་ཁ་ས་ཚེས་༢༡ཉིན་རྒྱ་ནག་གིས་བོད་སྐོར་གྱི་དྲ་གནས་གསར་འགྱུར་eng.tibet.cn ཐོག་གོང་ཞུས་གནས་ཚུལ་དེ་བཀོད་ཡོད་པ་དང༌། གནས་ཚུལ་དེའི་ནང་མུ་མཐུད་འགྲེལ་བརྗོད་བྱེད་ཡག་ལ། བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་སྲིད་གཞུང་གིས་ལོ་འདིའི་ནང་རྒྱ་སྐད་དང་བོད་ཡིག་གཉིས་ཀ་སློབ་ཁྲིད་བྱེད་སའི་ཞིང་ཁུལ་ས་གནས་ཀྱི་སྔོན་འགྲོའི་སློབ་གྲྭ་གསར་རྒྱག་དང་ཉམ་གསོ་རྒྱ་སྐྱེད་ལས་གཞིའི་ཐོག་རྒྱ་མིའི་དངུལ་ལོར་ས་ཡ་༤༩༠འགྲོ་གྲོན་གཏོང་རྒྱུ་ཡིན་པ་དང༌། ད་ལོའི་ལོ་མཇུག་བར་དུ་སློབ་གྲྭ་དེ་ཚོའི་ནང་སློབ་ལོ་ཟིན་པའི་ས་གནས་བོད་པའི་སློབ་ཕྲུག་འབུམ་ལྔ་དང་ཁྲི་གཅིག་ཙམ་གྱི་ཁ་གྲངས་ལོང་བ་བྱ་རྒྱུ་ཡིན་སྐོར་བརྗོད་བཞག།

རྒྱ་མི་མང་བ་ཡོད་སའི་བོད་ཀྱི་ཞིང་ཁུལ་ས་གནས་ཁག་ཏུ་བོད་པའི་སློབ་ཕྲུག་ཚོས་སློབ་ཚན་ཡོང་རྫོགས་རྒྱ་སྐད་ཐོག་སྦྱོང་དགོས་ཀྱི་ཡོདཔ་རེད། འོན་ཀྱང་རྒྱ་སྐད་བེད་སྤྱོད་མེད་སའི་བོད་ཀྱི་ཞིང་ཁུལ་ས་གནས་ཁག་ནང་གནས་སྟངས་མི་འདྲ་ཡིན་པ་དང༌། སློབ་ཚན་ཡོང་རྫོགས་བོད་ཡིག་ནང་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། ད་ཆ་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ནང་མཐའ་ན་སྔོན་འགྲོའི་སློབ་གྲྭ་ཁག་གི་བོད་པའི་སློབ་ཕྲུག་ཚོར་རང་ཡུལ་གྱི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་མ་སྤྲད་པར་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་བྱ་རྒྱུའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་བཞིན་ཡོད་པར་བོད་དོན་ལ་ཉམ་ཞིབ་གནང་མཁན་ཚོས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎