རྒྱ་ནག་གིས་བོད་སོགས་ནང་གཏེར་ཁ་འཚོལ་བའི་ལས་དོན་སྐོར།

རྒྱ་ནག་གཞུང་གིས་བོད་གཙོས་པའི་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་གཏེར་ཁ་འཚོལ་གྲུབ་ཀྱི་ལས་དོན་གཉེར་རྒྱུ་ཡིན་པའི་གནས་ཚུལ་འདུག

2010.11.07

༄༅༎རྒྱ་ནག་གཞུང་གིས་བོད་གཙོས་པའི་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་གཏེར་ཁ་འཚོལ་གྲུབ་ཀྱི་ལས་དོན་གཉེར་རྒྱུ་ཡིན་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧ྄་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལྦང་མིན་གྱིས་བཤད་དོན། རྒྱ་ནག་གཞུང་གིས་མ་འོངས་པའི་ལོ་ལྔའི་ནང་རྒྱ་ནག་རྒྱལ་ནང་གི་གཏེར་ཁ་འཚོལ་གྲུབ་ཀྱི་ལས་དོན་ལ་མི་དམངས་ཤོག་དངུལ་ཐེར་འབུམ་༣༠འགྲོ་གྲོན་གཏོང་རྒྱུ་ཡིན་པ་དང༌།

དེ་ཡང་རྒྱ་ནག་གི་ཞིང་ཆེན་ཁག་༢༡ ནང་གཏེར་ཁ་འཚོལ་གྲུབ་ཀྱི་ལས་ཀ་ལག་བསྟར་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ད་དུང་ཁོང་གིས་རྒྱ་ནག་གི་ལའོ་ནིང་དང་ཧེ་པེ་ ཧྲན་ཏུང་ ཧྲན་ཤི་ བཅས་ཞིང་ཆེན་ལྔ་པོ་དེའི་ནང་ལྕགས་ཀྱི་གཏེར་ཀ་ཀྲོན་ཐེར་འབུམ་ལྔའི་ཐོན་ཁུངས་ཡིན་པ་དང༌། དེ་བཞིན་བོད་དང༌ཤིན་ཅང༌། ཡུ་ནན་བཅས་ནང་ཟངས་ཀྱི་གཏེར་ཁ་ཀྲོན་ས་ཡ་༣༨དང་གྲངས་ཆུང་ལྔ་ཡི་ཐོན་ཁུངས་ཡོད་པ་བཤད་ཡོད་པ་མ་ཟད། ད་ལྟ་གསར་དུ་རྙེད་སོན་བྱུང་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གི་གཏེར་ཁ་འཚོལ་གྲུབ་ཀྱི་ལས་དོན་མངོན་གྱུར་ཡོང་རྒྱུར་འདེངས་ཚོད་ཆེན་པོ་ཡོད་པ་བཤད་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་༡༠པའི་ནང་རྒྱ་ནག་གི་ས་ཁམས་ཞིབ་འཇུག་པས། རྒྱ་ནག་གི་ཚན་རིག་པར་འདས་ཟིན་པའི་མི་ལོ་༡༢ནང་ལ་རྒྱ་ནག་གི་ས་ཁུལ་ཁག་༩༠༠ལྷག་གི་ནང་གཏེར་ཁའི་ཐོན་ཁུངས་ཡོད་པ་རྙེད་སོན་བྱུང་ཡོད་པའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎