སྐུའི་འཁྲུངས་ཡུལ་རྒྱ་ནག་གིས་བདག་མེད་བརྗེད་ཐབས་བྱས་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ཡུལ་སྟག་འཚེར་རྒྱ་ནག་གིས་བདག་མེད་བརྗེད་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ།

2009.03.09

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ཡུལ་སྟག་འཚེར་རྒྱ་ནག་གིས་བདག་མེད་བརྗེད་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག

དེ་ཡང་ཨེ་ཨེཕ་པི་གསར་སྤེལ་ཁང་གིས་སྟག་འཚེར་ས་གནས་ནས་གནས་ཚུལ་སྤེལ་དོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ཡུལ་སྟག་འཚེར་ནི་མཚོ་སྔོན་གྱི་གྲོང་ཁྱེར་གཙོ་བོ་ཟི་ལིང་ནས་སྣུམ་འཁོར་ནང་ཆུ་ཚོད་གཉིས་ཀྱི་ས་གནས་སུ་རི་གཅིག་ནང་བཀོད་པ་ལྟ་བུར་གནས་ཡོད་ཅིང་རྒྱ་ནག་གིས་ཡུལ་བསྐོར་སྤྲོ་འཆམ་སོགས་ཀྱི་ཆེད་དུ་ལམ་གཞུང་དུ་སྟག་འཚེར་མིང་ཙམ་བཀོད་པའི་ལམ་རྟགས་མཐོང་རྒྱུ་མེད་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་གཅིག་ཀྱང་སྟག་འཚེར་འགྲོ་རྒྱུར་རྒྱ་ནག་གིས་བཀའ་ཁྲོལ་གནང་གི་མེད་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་རེ་ཟུང་གིས་བཀའ་ཁྲོལ་མེད་བཞིན་དུ་ས་ཁུལ་ནང་བསྐྱོད་པའི་སྐབས་ལམ་བུར་དུ་ཉེན་རྟོག་དམག་མིས་བཀག་ནས་ས་གནས་དེར་ཕེབས་ཆོག་གི་མེད་པའི་འགྲེལ་བརྗོད་བྱས་ནས་ཕྱིར་ལོག་བཏང་གི་ཡོད་པ་རེད་འདུག

དེ་ཙམ་དུ་མ་ཟད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རང་དབང་སྒེར་ལངས་ཀྱི་ལོ་འཁོར་དུས་ཚིགས་ཐེངས་ལྔ་བཅུའི་ཐོག་གསུངས་འཕྲིན་མ་གནང་གོང་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་ཡུལ་སྟག་འཚེར་ཉེན་རྟོག་དམག་མིས་བལྟ་སྲུང་བྱེད་བཞིན་པ་ཡིན་པའི་གནས་ཚུལ་སྤེལ་འདུག རྒྱ་ནག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ཡུལ་གྲོང་གསེབ་ནང་དམ་བསྒྲགས་དང་ཁོང་གི་སྐུ་དཔར་དད་རྟེན་དུ་བདག་ཉར་བྱེད་རྒྱུར་བཀག་འགོག་བྱས་པ་དང་གཅིག་མཚུངས་བོད་ནང་གི་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་དད་གུས་ལ་གནོད་འཚེ་གཏང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་བོད་མི་རྣམས་ཀྱིས་རྒྱ་ནག་གི་དམ་བསྒྲགས་ཇེ་ཆེར་གཏོང་མིན་ལ་མ་ལྟོས་པར་དད་གུས་དང་ཡིད་ཆེས་མུས་མཐུད་ནས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎