རྒྱ་གཞུང་གིས་འབར་མ་ལ་ཞི་བདེ་ལྷིང་འཇཌ་དགོས་པའི་ནན་སྐུལ།

རྒྱ་ནག་གཞུང་གིས་འབར་མའི་དྲག་པོའི་སྲིད་གཞུང་ལ་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱེད་དགོས་པའི་ནན་སྐུལ་གནང་འདུག

2009.08.29

༄༅༎འབར་མའི་དྲག་པོའི་སྲིད་གཞུང་གིས་གདོད་མའི་མི་རིགས་ཀོ་ཀང་ངོ་ལོག་ཞོད་འཇགས་སུ་གཏོང་རྒྱུའི་དམག་འཐབ་ཀྱི་འཇིགས་པ་ལས་གྲོལ་ཐབས་སུ་གདོད་མའི་མི་རིགས་ཁྲི་ཚོ་གཅིག་ཙམ་རྒྱ་ནག་ནང་སྐྱབས་བཅོལ་དུ་འབྱོར་ཡོད་ཅིང་རྒྱ་ནག་གཞུང་གིས་འབར་མའི་དྲག་པོའི་སྲིད་གཞུང་ལ་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱེད་དགོས་པའི་ནན་སྐུལ་གནང་འདུག

རྒྱ་ནག་གུང་གྲན་ཏང་གི་ཚོགས་པ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཚིགས་རན་པའི་སྐབས་འདིར་འབར་མ་དང་རྒྱ་ནག་གི་ས་མཚམས་སུ་དམག་འཐབ་དང་བཙན་བྱོལ་བ་ཁྲི་ཚོ་བརྒལ་བ་རྒྱ་ནག་ཏུ་འབྱོར་དང་འབྱོར་བཞིན་པ་དེས་རྒྱ་ནག་གཞུང་བྱེད་བདེ་མེད་པའི་གནས་སུ་ལྷུངས་ཡོད་པ་རེད། འབར་མའི་དྲག་པོའི་སྲིད་གཞུང་གིས་རྗེས་ལོར་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་གཏན་འཁེལ་གནང་ཡོད་པ་ལྟར་དེའི་གོང་དུ་གདོད་མའི་མི་རིགས་ངོ་རྒོལ་བ་རྣམས་གཞུང་འོག་ཏུ་ཚུད་ཐབས་བྱེད་བཞིན་པ་རེད། འབར་མའི་དྲག་པོའི་སྲིད་གཞུང་གིས་འོས་བསྡུར་འདི་ནི་ལོ་ངོ་ཉི་ཤུའི་རྗེས་སུ་རྒྱལ་ཡོངས་འོས་བསྡུ་འབྱུང་བ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་འབར་མའི་མང་གཙོ་དབུ་ཁྲིད་ལྕམ་ཨོང་སང་སུ་ཆི་མཆོག་བཟང་བཙོན་དུ་བཅུག་པ་སོགས་འབར་མའི་དྲག་པོའི་སྲིད་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་འགལ་འཛོལ་གྱིས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་དང་ཁྲིམས་བཅད་བཏང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་འབར་མའི་གཏེར་ཁ་བསྔོག་འདོན་གྱི་དཔལ་འབྱོར་ཁེ་ཕན་ཁོ་ནར་བསམ་སྟེ་སྲིད་དབང་སྒེར་སྤྱོད་པར་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པ་རེད། འོན་ཀྱང་དེང་འབར་མ་དང་རྒྱ་ནག་གི་ས་མཚམས་སུ་དམག་འཐབ་བྱེད་བཞིན་པ་དེས་ཡུལ་གཉིས་ཀྱི་མཛའ་འབྲེལ་ལ་དོ་ཕོག་འགྲོ་ཉེན་ཡོད་པའི་སྲིད་དོན་ཉམས་ཞིབ་པས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎