སོག་པོའི་ཆབ་སྲིད་བཙོན་པ་ཞིག་གློད་འགྲོལ་གཏོང་བའི་རེ་སྐུལ།

སོག་ཡུལ་ནང་ཆབ་སྲིད་བཙོན་པ་ཧ་རྡ་ཨོ་ལིམ་པིག་རྩེད་འགྲན་གོང་ལ་གློད་འགྲོལ་གཏོང་དགོས་ལུགས་ཁོང་གི་བཟའ་ཟླས་འབོད་སྐུལ་ཞུས་འདུག

2008.07.06

༄༅༎སོག་ཡུལ་ནང་རྒྱ་ནག་གཞུང་དང་ལྷ་བ་མི་མཐུན་པའི་ཆབ་སྲིད་ཀྱི་བཙོན་པ་ཧ་རྡ་ ཨོ་ལིམ་པིག་རྩེད་འགྲན་གོང་ལ་གློད་འགྲོལ་གཏོང་དགོས་ལུགས་དོ་བདག་གི་བཟའ་ཟླས་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ལོ་༡༩༩༦ལོར་ ཧ་རྡ་ཡིས་ལྷོ་ཕྱོགས་སོག་ཡུལ་དམངས་གཙོའི་མནའ་སྦྲེལ་དང་ངན་ལག་འདྲེས་ཀྱི་ཁ་བྲལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་ནང་སོག་ནང་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས་ནས་ད་ཆ་ལོ་བཅུ་གསུམ་ཕྱིན་པའི་སྐབས་འདིར་དོ་བདག་གི་བཟའ་ཟླ་ ཞི་ན་ ཡིས་ ཕྲན་གྱི་བཟའ་ཟླ་ལོ་བཅུ་གསུམ་རིང་བཙོན་ཁང་ནང་བསྡད་ཟིན་པས་ ད་ཆ་ཨོ་ལིམ་པིག་རྩེད་འགྲན་གྱི་དགའ་སྟོན་གྱི་གོ་སྐབས་བཟང་པོ་དང་སྟབས་བསྟུན་ནས་གུ་ཡངས་གློད་འགྲོལ་ཡོང་བའི་རེ་འདུན་འཁོད་པའི་ཞུ་ཡིག་ཅིག་རྒྱ་ནག་སྲིད་འཛིན་ཧུ་ཅིན་ཏའོ་ལ་ཕུལ་ཡོད་འདུག་ཀྱང་ ད་བར་བཀའ་ལེན་གནང་ཡང་གནང་འབྱོར་མི་འདུག རྩེད་འགྲན་གྱི་དཔལ་འབར་ནང་སོག་ནང་རེས་གཟའ་མིག་དམར་ནས་ཉིན་བཞིའི་རིང་བསྐོར་བསྐྱོད་བྱས་ནས་ རེས་གཟའ་ཕུར་བུའི་ཉིན་ཧ་རྡ་བཙོན་འཇུག་བྱས་ཡུལ་ ཆི་ཕེང་ གྲོང་ཁྱེར་དུ་འབྱོར་གྱི་ཡོད་འདུག ནང་སོག་ནང་རང་སྐྱོང་གི་གནས་ཚད་གང་འཚམས་ཡོད་དགོས་ཀྱང་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ནང་བཞིན་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་གནོན་ཚད་མེད་གཏོང་མུས་ཡིན་པའི་ཐོག་ ས་ཁུལ་དེ་དག་ནང་རྒྱ་ཧན་མི་རིགས་ཁྱོན་ཆེན་འོར་འདྲེན་གྱི་ས་གནས་ཀྱི་ཡུལ་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎