ཨ་རིའི་བདེ་སྲུང་དྲུང་ཆེ་ཡིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག


2019.08.05
ཨ་རིའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་ (Mark Esper)་མཆོག 2019/8/4 ཨ་རིའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་ (Mark Esper)་མཆོག 2019/8/4
AFP

རྒྱ་ནག་གི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཉེ་འཁྲིས་སུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་བཞིན་པ་དེས་ཁུལ་དེའི་བརྟན་ལྷིང་ལ་གནོད་སྐྱོན་ཕོག་གི་ཡོད་པ་ཨ་རིས་སྐྱོན་བརྗོད་གནང་འདུག
དེ་ཡང་ཐེ་པེ་དུས་བབ་(Taipei Times)་ཞེས་པའི་ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་ (Mark Esper)་མཆོག་ནས་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་སིཊི་ནི་ནང་འཚམས་གཟིགས་ཕེབས་པའི་སྐབས་གསར་འགོད་པ་ཚོར། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་དང་འབྲེལ་བའི་གླིང་ཕྲན་ཁག་གི་ནང་ཐེ་བྱུས་བྱེད་དྲགས་པའི་བྱ་སྤྱོད་དེ་ནི་ཧ་ཅང་ཉེན་ཚབས་ཆེན་པོ་མཐོང་གི་འདུག  གླིང་ཕྲན་དེ་དག་གི་ནང་བདག་དབང་ལ་ཉེན་ཚབས་བཟོ་བཞིན་པ་ནི་འོས་ཤིང་འཚམས་པ་ཞིག་མ་རེད་ལ། ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ལ་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་སྟངས་འཛིན་བྱེད་དབང་ཡོད་མ་རེད། དེ་འདྲ་ཡིན་དུས་ང་ཚོའི་ངོས་ནས་འབྲེལ་ཡོད་གླིང་ཕྲན་དེ་དག་གི་སྲུང་སྐྱོབ་ཆེད་གྲོས་མོལ་བྱེད་བཞིན་ཡོད་ཅེས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག  གང་ལྟར་ད་ལྟའི་དུས་ཚོད་འདིར་རྒྱ་ནག་དང་ཨ་མི་རི་ཀའི་དབར་འབྲེལ་བ་ཡག་པོ་དེ་ཙམ་མེད་པའི་ཁར་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་ནས་རྒྱ་ནག་ལ་ཁ་རྡུང་བཏང་ཡོད་འདུག
སྤྱིར་བཏང་རྒྱ་ནག་གཞུང་ནས་གོང་དུ་ཞུས་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་ཆ་ཤས་མང་ཆེ་བའི་བདག་དབང་ཁོང་ཚོར་ཡོད་ལུགས་བཤད་ནས་ཁུལ་དེའི་ནང་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་ཤུགས་ཆེ་བཏང་ཡོད་པ་རེད། ཉེ་འཁྲིས་མཚོ་གླིང་ཁག་ནི་ཐེ་ཝན་དང་། མ་ལེ་ཤེ་ཡ། ཧྥེ་ལི་པིན། ཝེཏ་ནམ། དེ་བཞིན་ཕི་ཇི་དང་། སོ་ལོ་མན་མཚོ་གླིང་སོགས་ཚུད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎