བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་དོ་ཕོག་ཐེབས་ཉེན་འདུག


2016.10.07
ཡུལ་ཤུལ་སྐྱེ་རྒུ་མདོའི་ལོ་འཁོར་རྟ་རྒྱུག་དུས་ཆེན་སྐབས། ༢༠༡༦།༧ ཡུལ་ཤུལ་སྐྱེ་རྒུ་མདོའི་ལོ་འཁོར་རྟ་རྒྱུག་དུས་ཆེན་སྐབས། ༢༠༡༦།༧
བོད་འབྱོར།

བོད་ནང་རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་ཡོང་རྒྱུའི་ཆེད་ཡར་རྒྱས་གཏོང་བཞིན་པ་དེས་བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་དོ་ཕོག་ཐེབས་ཉེན་འདུག
དེ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཇེ་མང་དུ་འགྲོ་རྒྱུར་དམིགས་ནས་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་མང་པོ་ཞིག་སྤེལ་བཞིན་ཡོད་ཀྱང་། དེ་དག་གིས་ས་གནས་བོད་མི་ཚོར་ཁེ་ཕན་དེ་ཙམ་མེད་པར་རྒྱ་མི་རིགས་བོད་ནང་གཞིས་སྤོས་དང་ཚོང་དོན་གྱི་ཁེ་ཕན་ཡང་བརྒྱ་ཆ་མང་བ་རྒྱ་རིགས་ལ་ཐོབ་ཀྱི་ཡོད་པའི་སྐྱོན་བརྗོད་ཡང་སེ་ཡོང་གི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་ཀྱི་རྐྱེན་པས་བོད་མིའི་རིག་གཞུང་གོམས་སྲོལ་དང་བོད་མིའི་ངོ་བོ་བཅས་པར་དོ་ཕོག་ཐེབས་བཞིན་ཡོད་ལུགས་སྐྱོན་བརྗོད་ཡོང་གི་ཡོད་པ་རེད་། དཔེར་ན་བོད་ཀྱི་ཀོང་པོ་ཉིང་ཁྲི་ཁུལ་དམིགས་བསལ་ས་གནས་ཡུལ་ལྗོངས་མཛེས་སྡུག་ལྡན་ལ་གནམ་གཤིས་ཀྱང་ཚ་གྲང་སྙོམས་པོ་ཡོད་པ་བཅས་ཀྱི་རྒྱ་རིགས་ཚོ་ཀོང་པོའི་ནང་ཡུལ་སྐོར་སྤྲོ་འཆམ་བསྐྱོད་མཁན་མང་པོ་ཡོད་སྟབས། ཉེ་ཆར་ཀོང་པོ་ཀླུ་ནང་ཞེས་པའི་ས་གནས་སུ་དེ་སྔ་ཡོད་པའི་གྲོང་ཚོ་ཆ་ཚང་རྩ་མེད་བཟོས་ནས་དམིགས་བསལ་ཡུལ་སྐོར་སྤྲོ་འཆམ་པས་ལྟད་མོ་ལྟ་ཡུལ་ལྟབུ་ཞིག་བཟོས་ནས་གང་ལྟར་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེ་རུ་བཏང་ཡོད་པ་རེད།
ས་གནས་ཀྱི་འབྲེལ་ཡོད་སྤེན་པ་ཚེ་རིང་ཞེས་པས། དབུས་གཞུང་ནས་བོད་འདི་བཞིན་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་དགོས་ལུགས་གསུངས་ཀྱི་ཡོད་རེད་ལ་ཕྱི་ཕྱོགས་ནས་ཡོང་མཁན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་ཐོག་ཆོག་ཆན་སྤྲོད་རྒྱུ་ལྷུག་ཏུ་གཏོང་རྒྱུ་ཡིན་ལུགས་བཤད་འདུག ཡིན་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཚོར་རྒྱ་ནག་གཞུང་ནས་དམ་དྲག་བྱེད་དགོས་དོན་ནི། བོད་ནང་གི་དངོས་ཡོད་གནས་སྟངས་ཕྱི་ཕྱོགས་སུ་བསྟེན་ནུས་ཀྱི་མེད་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད་ཅེས་བཀོད་འདུག
གང་ལྟར་བོད་ནང་རྒྱ་ནག་གཞུང་ནས་འཛུགས་སྐྲུན་ཡར་རྒྱས་ཀྱི་རྣམ་པ་ག་འདྲ་ཞིག་འགྲེལ་བརྗོད་བྱེད་ཀྱང་དོན་དངོས་སུ་དེས་བོད་ནང་གི་བོད་མི་ཚོའི་ངོ་བོ་དང་རིག་གཞུང་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་མེད་དམ་ཞེས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་པོསཀྲ་ཞེས་པའི་གསར་ཤོག་ནང་དཔྱད་གཏམ་སྤེལ་འདུག  

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎