རྒྱ་ནག་གིས་རང་བྱུང་དངོས་རྫས་ལོངས་སྤྱོད་བྱེད་པའི་འབོར་ཚད་སྐོར།

རྒྱ་ནག་རང་ཉིད་ནས་རང་བྱུང་དངོས་རྫས་མཁོ་འདོན་ཐུབ་པ་ལས་ལྡབས་གཉིས་ཙམ་ལས་མང་བ་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།

2008.06.10

༄༅༎རྒྱ་ནག་གིས་རང་བྱུང་དངོས་རྫས་ལོངས་སུ་སྤྱོད་རྒྱུའི་འབོར་ཚད་དེ་ རྒྱ་ནག་རང་ཉིད་ནས་རང་བྱུང་དངོས་རྫས་མཁོ་འདོན་ཐུབ་པ་ལས་ལྡབས་གཉིས་ཙམ་ལས་མང་བ་ཡིན་པ་ རྒྱལ་སྤྱིའི་ཁོར་ཡུག་དོན་གཉེར་བ་ཚོས་གཟའ་མིག་དམར་ཉིན་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་བཀོད་ཡོད་པ་རེད་

འཛམ་གླིང་རང་འབྱུང་སྐྱེས་དངོས་གཅེས་སྲུང་ཐེབས་རྩ་ལས་ཁང་གིས་པེ་ཅིང་ནང་བཏོན་པའི་སྙན་ཐོ་དེའི་ནང་ གལ་ཏེ་རྒྱ་ནག་གིས་ཨ་མི་རི་ཀའི་རྗེས་སུ་མཇུག་སྟེ་མི་སྒེར་སོ་སོའི་དགོས་མཁོ་འགྲུབ་རྒྱུར་རང་བྱུང་ཐོན་རྫས་བེད་སྤྱོད་བྱ་རྒྱུའི་ལམ་བུ་ཞིག་ཏུ་སྐྱོད་ཚེ་ འཛམ་གླིང་ཁྱོན་ཡོངས་ཀྱི་ཐོན་རྫས་བེད་སྤྱོད་བྱས་ན་ཡང་འདེང་རྒྱུ་མིན་ལུགས་བརྗོད་ཡོད་ཅིང་ ད་ལྟའི་སྐབས་རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་རྩ་འབོར་གྱི་ཆུ་དང་ ས་ཆ་ དེ་བཞིན་ཤིང་སྣ་སོགས་ཀྱི་བརྒྱ་ཆ་བཅོ་ལྔ་ཙམ་བེད་སྤྱོད་བྱེད་བཞིན་ཡོད་པ་གསལ་བཤད་བྱས་ཡོད་པ་དང་ འབྱུང་འགྱུར་གྱི་ལོ་བཅུ་ནས་ཉི་ཤུའི་ནང་ རྒྱ་ནག་གི་དགོས་མཁོ་ཧ་ཅང་གི་ཚད་མཐོ་རུ་ཕྱིན་སྟེ་ རྒྱ་ནག་རང་ཉིད་ཀྱི་རང་འབྱུང་ཁོར་ཡུག་ལ་མུ་མཐུད་ཉེན་ཁ་ཚབས་ཆེ་བཟོ་རྒྱུ་མ་ཟད་ གོ་ལའི་ཕུང་ཁམས་སྐྱེ་དངོས་ཀྱི་ཐོག་ལ་ཡང་གནོན་ཤུགས་ཧ་ཅང་ཆེན་པོ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད་ འཛམ་གླིང་རང་བྱུང་སྐྱེ་དངོས་ཐེབས་རྩ་ལས་ཁང་གི་སྙན་ཐོ་དེ་ རྒྱ་ནག་གཞུང་གི་རང་འབྱུང་ཁོར་ཡུག་དང་འཕེལ་རྒྱས་གནད་དོན་ཐད་རྒྱལ་སྤྱི་དང་མཉམ་འབྲེལ་ལས་དོན་ལྷན་ཁང་ཟུང་འབྲེལ་གྱི་ཐོག་ནས་སྤེལ་བ་ཞིག་ཡིན་ཞིང་ ལྷན་ཁང་དེས་རྒྱ་ནག་གི་འབྱུང་འགྱུར་ལོ་ཉི་ཤུའི་རིང་གི་འཕེལ་རྒྱས་དེ་རྒྱུན་གནས་ཐུབ་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་ནན་བརྗོད་བྱས་ཡོད་པ་རེད་

རྒྱ་ནག་ནང་གི་ཆུ་དང་གློག་གི་རིན་གོང་དངོས་ཡོད་ཁྲོམ་རྭའི་རིན་གོང་ལས་དམའ་བར་གཏན་བེབས་བྱས་ཡོད་པའི་རྐྱེན་གྱིས་ བཟོ་གྲྭ་དང་ས་ཞིང་འདེབས་ལས་པ་ཚོས་ཆུད་བཟོས་ཆེན་པོ་གཏོང་བཞིན་ཡོད་ཅིང་ རྒྱ་ནག་ནང་ཤིང་རིགས་བཅའ་དངོས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ ཤིང་སྣ་འབོར་ཆེ་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎