རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་བྱང་ཀོ་རི་ཡར་ཕེབས་ཡོད་པ།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཁྲང་ཁྲི་ཅུན་བྱང་ཀོ་རིའི་ནང་འཚམས་འདྲི་གཟིགས་སྐོར་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག

2011.02.20

༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཁྲང་ཁྲི་ཅུན་བྱང་ཀོ་རིའི་ནང་འཚམས་འདྲི་གཟིགས་སྐོར་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཉི་མའི་ཉིན་ཁོང་དང་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཀིམ་ཀའི་གྭལྦན་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་ཟབ་ཏུ་གཏོང་རྒྱུའི་སྐོར་གྲོས་མོལ་གནང་ཡོད་ལུགས་ཨེ་ཨེཕྤི་གསར་ལས་ཁང་གིས་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་Korean News Agencyཞེས་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་འདུག། དབུལ་ཞིང་ཕོངས་པའི་དམར་པོའི་རྒྱལ་ཁབ་དེར་དཔལ་འབྱོར་དང་ཆབ་སྲིད་སོགས་གང་ཅིའི་ཐད་མཐུན་འགྱུར་རེ་བཅོལ་བྱེད་ཡུལ་རྒྱ་ནག་ཁོ་ན་ཡིན་པ་རེད། དེ་མ་ཟད་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་ཀྱི་དཀའ་རྙོག་སེལ་ཐབས་ཆེད་བཙུགས་པའི་རྒྱལ་ཁབ་སམ་ཚོགས་པ་དྲུག་གི་གཙོ་སྐྱོང་བྱེད་མཁན་ཡང་རྒྱ་ནག་ཡིན་པ་རེད། ཀོ་རི་ཡ་གཉིས་ཐོག་རྒྱ་ནག་དང་ཨ་རི་ ར་ཤི་ཡ་ ཉི་ཧོང་བཅས་ལས་གྲུབ་པའི་ཚོགས་པ་དེ་ཕྱི་ལོ་༢༠༠༨ལོ་ནས་ཚོགས་འདུ་འཚུགས་ཐུབ་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎