རྒྱ་ནག་གིས་པེ་རི་སིའི་ཆིངས་ཡིག་ལ་བརྩི་བཀུར་བྱེད་རྒྱུ་ཡིན་ཟེར།


2017.06.02
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying
fmprc.gov.cn

གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་པའི་པེ་རི་སིའི(Paris)ཆིངས་ཡིག་ནས་ཨ་མི་རི་ཀ་ཕྱིར་འཐེན་བྱས་པའི་རྗེས་རྒྱ་ནག་གིས་འགན་ཡོད་པའི་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན་པའི་ཆ་ནས་་ཆིངས་ཡིག་དེར་བརྩི་བཀུར་བྱ་རྒྱུ་ཡིན་ལུགས་བརྗོད་འདུག
དེ་ཡང་འདི་ཚེས་༢་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་(Hua Chunying)གིས་བརྗོད་དོན། Parisཆིངས་དོན་དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ཡུལ་ཁག་གི་ཁྱབ་ཆེ་བའི་མཐུན་གྲོས་ཤིག་ཡིན་པ་ང་ཚོས་བསམ་གྱི་ཡོད་ལ། དཀའ་ངལ་མང་པོ་རྒྱབ་པའི་གྲུབ་འབྲས་ལ་ཕྱོགས་ཚང་མས་གཅེས་འཛིན་ཡག་པོ་བྱ་དགོས་ཀྱི་རེད། ང་ཚོས་གོ་ཡག་ལ་ད་རེས་རྒྱ་ནག་གིས་སྣེ་ཁྲིད་ཐུབ་པའི་ནུས་པ་དང་། ལས་དོན་བྱ་ཕྱོགས་ལ་རྒྱལ་སྤྱིའི་ཡུལ་ཁག་ཚོས་བསྔགས་བརྗོད་བྱེད་བཞིན་ཡོད་པར་བརྟེན། ང་ཚོའི་ངོས་ནས་ཧུར་བཙོན་ཆེན་པོའི་སྒོ་ནས་ཁས་ལེན་བྱས་པ་དེ་ཚོ་ལག་ལེན་དོན་འཁྱོལ་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག
གོ་ལའི་གནམ་གཤིས་ཐོག་གི་ལྷན་ཚོགས་དེ་བྷེལ་ཇམ་གྱི་རྒྱལ་ས་Brusselsནང་གནང་བཞིན་ཡོད་པ་དང་། ལྷན་ཚོགས་སར་རྒྱ་ནག་གི་སྲིད་བློན་Li Keqiangགིས་ཡོ་རོབ་མཐུན་ཚོགས་ཀྱི་དབུ་འཁྲིད་ལྷན་མཇལ་འཕྲད་གནང་ཡོད་ཅིང་། ཕྱོགས་གཉིས་ཀྱིས་་་Parisཆིངས་དོན་དེ་བཞིན་ལག་བསྟར་ཐུབ་རྒྱུའི་ཟུང་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་གནང་རྒྱུ་ཡིན་པ་རེད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་Hua Chunyingགིས། གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་པའི་Paris་ཆིངས་ཡིག་ནང་གསལ་མཐུན་གྲོས་ཁག་གི་ཐོག་མཇུག་སྐྱོང་གྲོས་མོལ་སྐུལ་འདེད་དང་། སོ་ལའི་དུག་རྫས་དམའ་བའི་ལྗང་ལྡན་གོང་འཕེལ་གཏོང་ཐབས་སུ་རྒྱ་ནག་གིས་རྒྱལ་ཁབ་གཞན་དང་མཉམ་འབྲེལ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་བརྗོད་འདུག
ཨ་མི་རི་ཀས་ད་ཐེངས་Parisཆིངས་དོན་ནས་ཕྱིར་འཐེན་བྱས་ཡོད་ནའང་Hua Chunyingགིས། འཛམ་གླིང་སྤྱི་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་འགོག་རྒྱུར་ཕན་པའི་མཁའ་རླུང་སྦག་གཙོག་མི་བཟོ་བའི་འབུད་རྫས་ལྗང་ལྡན་བེད་སྤྱོད་ཐད་ཨ་མི་རི་ཀ་ཐེ་པའི་རྒྱལ་སྤྱིའི་ཡུལ་ཁག་ཚང་མའི་མཉམ་རྒྱ་ནག་གིས་ལས་དོན་མཉམ་དུ་བྱ་རྒྱུའི་འདོད་པ་ཡོད་ཅེས་བརྗོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎