ཤི་ཅིན་ཕིང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་།

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཡིས་དེ་རིང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་འཕྲད་ཞུ་ཡག་ཡིན་པ་རེད།

2012.02.15

༄༅༎ཨ་རིའི་ནང་གཞུང་དོན་ཕྱོགས་སྐྱོད་ལ་འབྱོར་བའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཡིས་དེ་རིང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་འཕྲད་ཞུ་ཡག་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོས་ཤི་ཅིན་ཕིང་ལ་རྒྱ་ནག་གི་དྲང་པོ་མེད་པའི་ཚོང་དོན་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་བློ་འཚབ་གསལ་བཏོན་གནང་སྲིད་པ་རེད།
ཨ་རིའི་གྲོས་ཚོགས་སུ་ལྟ་སྐོར་བྱས་ཟིན་པའི་རྗེས་ཨ་རིའི་ཚོང་པའི་འགོ་ཁྲིད་ཁག་ཅིག་ལ་ཤི་ཇིན་པིང་གིས་གཏམ་བཤད་བྱ་རྒྱུ་ཡིན་པ་དེའི་སྐབས་སུ་ཨ་རིའི་ཚོང་པ་ཚོའི་རྣམ་འགྱུར་བཟང་བ་སྟོན་པའི་རེ་བ་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་པ་ཚོས་རྣམ་ཀུན་ནས་ རྒྱ་ནག་གཞུང་གིས་ རྒྱ་མིའི་དངུལ་གྱི་འཛའ་ཐང་ཐད་རང་སྣང་གང་དྲན་གྱིས་དྲང་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་བོད་མི་ཚོའི་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་མུས་ཡིན་པ་རེད།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཤི་ ཇིང་པིན་ དེ་རིང་ཨ་རིའི་གྲོས་ཚོགས་སུ་
ལྟ་སྐོར་བྱས་ཟིན་རྗེས། ཨ་རིའི་དབུས་ཕྱོགས་མངའ་སྡེ་ཨ་ཡོ་ལྦའི་རྒྱལ་ས་ཌེ་མོཡེན་དུ་གཞུང་འབྲེལ་སྣེ་ལེན་འདུ་འཛོམས་ཤིག་ཐོག་ཕེབས་ཡག་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎