འབར་མའི་མཚོ་ཁར་རྒྱ་ནག་གི་དམག་གྲུའི་བབས་ཚུགས།

རྒྱ་ནག་གི་དམག་གྲུ་གཉིས་འབར་མའི་ཡུལ་གྱི་མཚོ་ཁར་ཡུལ་གཉིས་བར་གྱི་དམག་དོན་འབྲེལ་ལམ་ཡར་རྒྱས་གཏོང་ཕྱིར་བབས་ཚུགས་བྱས་སྐོར།

2010.08.30

༄༅༎རྒྱ་ནག་གི་དམག་གྲུ་གཉིས་འབར་མའི་ཡུལ་གྱི་མཚོ་ཁར་ཡུལ་གཉིས་བར་གྱི་དམག་དོན་འབྲེལ་ལམ་ཡར་རྒྱས་གཏོང་ཕྱིར་བབས་ཚུགས་བྱས་སྐོར་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་འགྲེམས་སྤེལ་བྱས་ཡོད་པ་རེད་

རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་རྒྱ་ནག་བཅིངས་འགྲོལ་དམག་གི་དམག་གྲུ་གཉིས་འབར་མའི་གྲོང་ཁྱེར་ཡན་གོན་གྱི་ཐི་ལ་ལྦ་མཚོ་ཁར་རེས་གཟའ་ཉི་མ་ཉིན་འབྱོར་ཡོད་སྐོར་དང་ཡུལ་གྲུ་ཕན་ཚུན་བར་གྱི་མཚོ་དམག་འབྲེལ་ལམ་རིམ་པ་གནང་རྒྱུ་ཡིན་སྐོར་གནས་ཚུལ་བཏོན་ཡོད་པ་རེད་

རྒྱ་ནག་གི་དམག་གྲུ་གཉིས་པོ་དེ་དག་འབར་མའི་མཚོ་ཁར་ཉིན་ལྔ་རིང་བབས་ཚུགས་བྱེད་སྐབས་ཡུལ་ཕན་ཚུན་བར་གྱི་མཚོ་དམག་བར་མཐུན་སྒྲིལ་དང་གང་ཅིའི་ལས་དོན་སྤེལ་རྒྱུ་ཡིན་སྐོར་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད་

གོང་ཞུས་རྒྱ་ནག་གི་དམག་གྲུ་དེ་དག་འབར་མའི་ནང་ལོ་ངོ་༢༠རྗེས་རྒྱལ་ཡོངས་འོས་བསྡུ་གནང་རྒྱུའི་གྲ་སྒྲིག་གནང་བཞིན་པའི་དུས་སྐབས་འཁེལ་ཡོད་པ་དང་འོས་བསྡུ་དེ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་རྣམས་དང་ནུབ་ཕྱོགས་ཡུལ་ཁག་ཚོས་རྫུན་བཟོ་ཞིག་ཆགས་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད་

ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མའི་དྲག་པོའི་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་བཀལ་ཡོད་ནའང་རྒྱ་ནག་ནི་ཡུལ་དེའི་མཐུན་ཕྱོགས་ཡུལ་ཁག་གཙོ་བོ་དེ་ཡིན་པ་དང་ཡུལ་དེར་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱེད་མཁན་གཙོ་བོ་དེ་ཡིན་པ་མ་ཟད་ཡུལ་གཉིས་བར་ཚོང་འབྲེལ་ཡང་ཆེ་ཤོས་ཡོད་པ་རེད་

རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་འབར་མའི་ཡུལ་ལ་དཔལ་འབྱོར་གྱི་ཉེས་ཆད་མི་འགེལ་རྒྱུར་རྒྱབ་བསྐྱོར་བྱེད་ཀྱི་ཡོད་པ་དང་དེའི་ལན་པོར་འབར་མས་རྒྱ་ནག་ལ་ཡུལ་ནང་གི་རྡོ་སྣུམ་དང་ནགས་ཚལ་གཅོད་བྲེལ་དང་རིན་གོང་ཆེ་བའི་རྡོ་རིག་མཁོ་སྒྲུབ་བྱེད་རྒྱུའི་མཐུན་རྐྱེན་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎