རྒྱ་ནག་སྒོར་མོའི་རིན་ཐང་ཐེངས་གསུམ་ཆུང་དུ་བཏང་དགོས་བྱུང་བ།


2015.08.13
ཨ་སྒོར་དང་རྒྱ་ནག་མི་མང་ཤོག་སྒོར་གྲངས་ཀ་རྒྱག་བཞིན་པ། ཨ་སྒོར་དང་རྒྱ་ནག་མི་མང་ཤོག་སྒོར་གྲངས་ཀ་རྒྱག་བཞིན་པ།
AFP

རྒྱ་ནག་གཞུང་གིས་ཡུལ་དེའི་མི་མང་ཤོག་སྒོར་གྱི་རིན་ཐང་བསྐྱར་དུ་ཆུང་དུ་བཏང་ཡོད་པ་དང་ཕྱིན་ཆད་བསྐྱར་དུ་ཆུང་དུ་གཏོང་རྒྱུ་མིན་པའི་ཁས་ལེན་བྱས་བ།
དེ་ཡང་འདི་ཚེས་༡༣གྱི་ཉིན་མོར་རྒྱ་ནག་གཞུང་གིས་ཡུལ་དེའི་མི་མང་ཤོག་སྒོར་གྱི་རིན་ཐང་བསྐྱར་དུ་ཆུང་དུ་བཏང་ཡོད་པ་དང༌། འདི་ནི་འདས་པའི་ཉིན་གྲངས་གསུམ་གྱི་ནང་མི་མང་ཤོག་སྒོར་རིན་ཐང་ཆུང་དུ་བཏང་བ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།
ལོ་ཤས་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་ཕྱིན་ཏེ། ཡུལ་དེའི་ནང་བཟོས་པའི་དངོས་ཟོག་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་སྟབས། དངོས་ཟོག་རིན་གོང་ཆུང་ངུའི་ཐོག་ཕྱིར་ཚོང་བྱེད་ཐུབ་པ་ཡོང་རྒྱུར་དམིགས་ཏེ། འདས་པའི་ཉིན་གཉིས་ནང་མི་མང་ཤོག་སྒོར་གྱི་རྫ་ཐང་ཆུང་དུ་བཏང་བའི་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་མ་རྐང་ཁྲོམ་རའི་གནས་སྟངས་ལ་འཁྲུག་རྐྱེན་ཆེན་པོ་བཟོས་ཡོད་པ་དེ་ལྟར་ཡང༌། འདི་ཚེས་༡༣ ཉིན་རྒྱ་ནག་གཞུང་གིས་ཡུལ་དེའི་མི་མང་ཤོག་སྒོར་གྱི་རྫ་ཐང་ཐེངས་གསུམ་པ་ཆུང་དུ་བཏང་བ་དང་ཆབས་ཅིག ཕྱིན་ཆད་རྫ་ཐང་བསྐྱར་དུ་ཆུང་དུ་གཏོང་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་སྟབས། ད་ལམ་གྱི་དོན་རྐྱེན་འདི་ཡིས་འཛམ་གླིང་གི་མ་རྐང་ཁྲོམ་རའི་གནས་བབ་ལ་འཁྲུག་རྐྱེན་དེ་ཙམ་ཐེབས་བཟོ་མེད་སྐོར་ཉམས་ཞིབ་པ་ཚོས་དགོངས་ཚུལ་གསུང་གི་ཡོད་འདུག  
དེ་ཡང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཁེ་ན་ཊའི་དངུལ་ཁང་ཞིག་གི་ཚོང་ལས་ཞིབ་འཇུག་པ་སྐུ་ཞབས་Patrick Bennettཡིས། འདས་པའི་ཉིན་གྲངས་གཉིས་དང་མི་འདྲ་བར་འདི་ཚེས་༡༣་གྱི་ཉིན་མོར་མི་མང་ཤོག་སྒོར་གྱི་རྫ་ཐང་ཕྲན་བུ་ཞིག་ལས་ཆུང་དུ་བཏང་མེད་པ་མ་ཟད། ད་ནས་བཟུང་བསྐྱར་དུ་རྫ་ཐང་ཆུང་དུ་བཏང་བཟོ་མེད་སྟབས། འདི་ཡིས་འཛམ་གླིང་གི་མ་རྐང་ཁྲོམ་ར་དང་དཔལ་འབྱོར་གནས་སྟངས་ལ་འཚབ་ཆེ་བའི་ཉེན་ཁ་ཡོང་བཟོ་མེད། ད་ནས་བཟུང་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་གནས་སྟངས་ལྷིང་འཇགས་ཡོང་ངེས་ཡིན་ཅེས་གསུངས་འདུག
གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་ཞིག་ན། ད་ལམ་རྒྱ་ནག་མི་མང་ཤོག་སྒོར་གྱི་རྫ་ཐང་བསྐྱར་དུ་ཆུང་དུ་བཏང་བ་དེ་ཡིས། ད་ཆ་ཨ་རིའི་ཌོ་ལར་གཅིག་ལ་མི་མང་ཤོག་སྒོར་དྲུག་དང་གྲངས་ཆུང་བཞི་བཅུའི་རིན་ཐང་ཆགས་ཡོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎