རྒྱ་ནག་གིས་ཨ་རིའི་ཆབ་སྲིད་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག


2016.12.02
སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གིས་སྲིད་འཛིན་ཐོབ་པའི་རྒྱལ་ཁའི་གཏམ་བཤད་གནང་སྐབས། ༢༠༡༦།༡༡།༩ སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གིས་སྲིད་འཛིན་ཐོབ་པའི་རྒྱལ་ཁའི་གཏམ་བཤད་གནང་སྐབས། ༢༠༡༦།༡༡།༩
དྲ་བཤུས།/youtube

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་འཕོ་འགྱུར་སྐབས་ཡུལ་དེའི་ཆབ་སྲིད་གནས་སྟངས་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་གསུངས་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཨ་མི་རི་ཀའི་སྲིད་འཛིན་ལ་འོས་བདམས་བྱུང་བའི་རྗེས་སུ་ཨ་རིའི་ཆབ་སྲིད་གནས་སྟངས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྐོར་འདི་ཚེས་༢་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་Henry Kissinger་ལ་བརྗོད་འདུག
སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཡིས་དེ་སྔོན་ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་འགུལ་སྤེལ་སྐབས། རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ་རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱེད་བཞིན་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་བརྒྱ་ཆ་༤༥་བགེལ་རྒྱུའི་ཁས་ལེན་གནང་བ་མ་ཟད། རྒྱ་ནག་དེ་བཞིན་དངུལ་གྱི་ཛ་ཐང་གཡོ་བྱུས་ལམ་ནས་བསྒྱུར་བཅོས་གཏོང་མཁན་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཡིས་ད་ཆ་ཨ་མི་རི་ཀའི་ནང་སྲིད་འཛིན་འོས་བསྡུ་ཟིན་པ་དང་། ང་ཚོ་གལ་གནད་ཆེ་བའི་དུས་ཡུན་ནང་ཡོད་པ་དང་། ང་ཚོ་རྒྱ་ནག་གི་ངོས་ནས་ཨ་རིའི་གནས་སྟངས་ལ་ལྟ་ཞིབ་ཞིབ་ཚགས་བྱེད་ཀྱི་ཡོད། ད་ལྟ་ནི་ཨ་རིའི་སྲིད་འཛིན་འཕོ་འགྱུར་གྱི་གནས་སྐབས་རེད། སྤྱི་ཡོངས་ཆ་ནས་ང་ཚོས་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་ཡུན་གནས་ཡོང་བའི་མདུན་བསྐྱོད་བྱེད་འདོད་ཡོད་ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་Henry Kissinger་ལ་མུ་མཐུད་བརྗོད་འདུག
ཟླ་བ་སྔོན་མར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་Peruའི་རྒྱལ་ས་(Lima)འི་ནང་APEC་ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ལྷན་ཚོགས་གནང་ཞོར་ལ། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་ཨ་རིའི་ལས་ཐོག་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་སྐབས། ཨ་རིའི་སྲིད་འཛིན་འཕོ་འགྱུར་འགྲོ་སྐབས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་རྒྱུན་འཁྱོངས་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎