བོད་ནང་ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་རྒྱུགས་སྤྲོད་སྐོར།

རྒྱ་ནག་གཞུང་གིས་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་ཀྱི་འཆར་གཞི་གསར་པ་ད་ལྟ་བར་གསང་བ་བྱས་ཡོད་པ་རེད།

2008.06.17

༄༅༎ཁ་ས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་ཀྱི་འགྲོ་ལམ་འགྱུར་བ་བཏང་བའི་གནས་ཚུལ་གསལ་བསྒྲགས་བྱས་པ་དང་དེ་རིང་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་གནང་བའི་རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་གྱི་མི་གྲངས་ལྔ་བཅུ་རྣམས་བོད་ཀྱི་ས་མཚམས་ཀྱི་ས་འབྲེལ་དུ་འབྱོར་བའི་སྐབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་ལྔས་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོར་རྒྱ་གར་ནས་བོད་བར་བསྐྱོད་རྒྱུའི་གོམ་བགྲོད་ལས་འགུལ་འགོ་བཙུགས་ཏེ་ད་བར་ཉིན་གྲངས་༡༠༠ འགྲོ་གི་ཡོད་ཅིང་། ཡིན་ནའང་བར་ལམ་རྒྱ་གར་ཉེན་རྟོག་པས་གོམ་བགྲོད་པ་༢༦༡ བཀག་འགོག་བྱས་ཏེ་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་བསྐྱལ་བའི་རྗེས་སླར་ཡང་ཕྱི་ཟླ་ལྔ་པའི་ཚེས་༡༤ ཉིན་ཚོགས་པ་ལྔའི་ཚོགས་མི་ལྔ་བཅུས་བོད་བར་གྱི་གོམ་བགྲོད་བསྐྱར་གསོ་གནང་སྟེ་དེ་རིང་སྔ་དྲོའི་རྒྱ་གར་གྱི་ཚོུད་༩ དང་ཕྱེད་ཀ་ཙམ་ལ་གོམ་བགྲོད་པ་རྣམས་བོད་ཀྱི་ས་མཚམས་དང་མཐའ་ཉེ་བའི་རྒྱ་གར་གྱི་རྡར་ཆུ་ལ་ཞེས་པའི་ས་ཁུངས་སུ་འཛུལ་བཞིན་པའི་སྐབས་ཉེན་རྟོག་པ་༢༠༠ ཡོང་སྟེ་བཙན་དབང་གི་སྒོ་ནས་མོ་ཊའི་ནང་བླུགས་ཏེ་འཛིན་བཟུང་བྱས་ཡོད་པ་དང་ད་ལྟའི་འཆར་ཁོང་རྣམས་ས་གནས་ག་པར་བཙན་ཁྲི་བྱ་མིན་གནས་ཚུལ་ཤེས་རྟོགས་མེད་པ་རེད། དེ་བཞིན་ཁ་ས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་ཀྱི་དཔོན་རིགས་ལི་ལི་ཁྲེ་ཡིས་དཔལ་འབར་ཐོག་མར་ཉི་མ་གསུམ་རིང་ཤིན་ཅང་དུ་འཁྱེར་རྒྱུར་དང་དེ་ནས་བོད་ཕྱོགས་སུ་འཁྱེར་རྒྱུ་ཡིན་ལུགས་བཤད་དེ་རྒྱ་ནག་གཞུང་གིས་དཔལ་འབར་སྐོར་བསྐྱོད་ཀྱི་འཆར་གཞི་གསར་པ་ད་ལྟ་བར་གསང་བ་བྱས་པ་མ་ཟད། ད་དུང་དཔལ་འབར་བོད་ནང་དུས་ཚོད་ག་དུས་འབྱོར་གྱི་ཡོད་མེད་དང་སྐོར་བསྐྱོད་བྱེད་ཡུལ་གྱི་འགྲོ་ལམ་གསར་པ་ག་རེ་ཡིན་མིན་གསལ་པོ་གསལ་བསྒྲགས་བྱེད་ཀྱི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎