༸གོང་ས་མཆོག་གིས་ཕང་ལི་ཌིའི་སྐུ་ཟླར་ཐུགས་གསོའི་གསུང་འཕྲིན།

༧གོང་ས་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་ཅན་ཕང་ལཱི་ཌི་འདས་གྲོངས་སུ་གྱུར་པར་ཐུགས་གསོའི་འཚམས་འཕྲིན།

2012.04.10

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིར་གནས་སྡོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་ཅན་ཕང་ལཱི་ཌི་འདས་གྲོངས་སུ་གྱུར་པར་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་འདུག།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་ཕང་ལི་ཌི་འདས་པོ་དེའི་སྐུ་ཟླ་ལི་ཤུ་ཕྲིན་(Li Shuxian)ལ་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང༌། སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་ཕང་ལི་ཌི་་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་ངོས་ལ་ཧ་ཅང་བློ་ཕམ་བྱུང། ཁོང་ནི་དྲང་བདེན་འཚོལ་ཆེད་སྨྲ་བརྗོད་རང་དབང་དང་མང་གཙོའི་ཐོབ་ཐང་ནི་མེད་དུ་མི་རུང་བ་ཞིག་ཏུ་ཡིད་ཆེས་བརྟན་པོ་གནང་མཁན་ཞིག་ཡིན་ལ། ཁོང་གིས་དཔའ་མཛངས་ལྡན་ཞིང་ངལ་བ་ཁྱད་བསད་ཀྱིས་རྒྱ་རིགས་མང་ཚོགས་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོར་གནད་དོན་དེའི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་པར་ངོས་ལ་ཧ་ཅང་བློ་ཕམ་བྱུང་ཞེས་བཀའ་གནང་འདུག།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་འཚམས་འཕྲིན་དེའི་ནང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཕང་ལི་ཌིའི་དབར་གྱི་མཇལ་འཕྲད་ཐོག་མ་དེ་ཕྱི་ལོ་ ༡༩༩༡ ལོར་ཨ་མི་རི་ཀའི་ནང་ཚུགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་གི་སྐབས་མཇལ་འཕྲད་བྱུང་བ་བཀའ་གནང་འདུག་ཅིང༌། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྐབས་དེར་ངེད་གཉིས་དབར་བསམ་ཚུལ་མཐུན་པའི་གནད་དོན་དང་སེམས་འཚབ་ཡོད་པའི་གནད་དོན་མང་དག་ཅིག་གི་ཐོག་ཕན་ཚུན་གོ་བསྡུར་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་བྱུང་བར་མ་ཟད། ། དམ་པ་ཁོང་གི་ཕྱི་གསལ་ནང་གསལ་དང་རང་དབང་ལྡན་པའི་རྒྱ་ནག་ཞིག་བསྐྲུན་རྒྱུའི་རེ་བ་དང་འཆར་སྣང་དེར་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎