རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཨོསི་ཏྲེ་རི་ལི་ཡར་ཕྱོཊ་བསྐྱོད་གནང་རྒྱུ།


2017.02.03
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་(Wang Yi) 2014 རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་(Wang Yi) 2014
news.cn

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་གཟའ་འཁོར་རྗེས་མ་ཨོསི་ཏྲེ་རི་ལི་ཡར་གཞུང་དོན་ཕྱོགས་བསྐྱོད་གནང་གཏན་འཁེལ་འདུག
དེ་ཡང་འདི་ཚེས་༣་ཉིན་རྒྱ་ནག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཏྲ་རམཔ་མཆོག་གིས་ཕྱི་སྲིད་འབྲེལ་ལམ་གཏན་པོ་ཞིག་མེད་པའི་རྐྱེན་གྱིས། རྒྱ་ནག་དང་ཨོསི་ཏྲེ་རི་ལི་ཡ་རྒྱལ་ཁབ་གཉིས་དབར་འབྲེལ་བ་དམ་གཟབ་ཚ་རུ་འགྲོ་རྒྱུའི་རེ་བ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་(Wang Yi)་བདུན་ཕྲག་རྗེས་མའི་རེས་གཟའ་མིག་དམར་ནས་པ་སངས་བར་ཨོསི་ཏྲེ་རི་ལི་ཡ་དང་ནིའུ་ཛི་ལེནཌ་གཉིས་ནང་ལྟ་བསྐོར་དུ་བསྐྱོད་རྒྱུ་ཡིན་སྐོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Lu Kang་གིས་གསར་འགོད་ལྷན་ཚོགས་ཐོག་གསལ་བསྒྲགས་བྱས་པ་དང་། ཝང་གི་ལྟ་སྐོར་བརྒྱུད་རྒྱ་ནག་གིས་ཨོསི་ཏྲེ་རི་ལི་ཡ་དང་མཉམ་འབྲེལ་བ་བྱེད་རྒྱུ་དེ་གནད་དོན་གལ་ཆེ་ཞིག་ལ་བརྩི་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུ་ཡིན་ལུགས་རྒྱ་ནག་གི་མགྲིན་ཚབ་པ་Lu་ཡིས་འགྲེལ་བརྗོད་བྱས་འདུག
རྣམ་ཀུན་ཡིན་ན་ལྟ་སྐོར་འདི་ལྟ་བུ་སྔ་ས་ནས་འཆར་འགོད་བྱེད་ཀྱི་ཡོད་ནའང། ཉེ་ཆར་རེས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་Trumpམཆོག་གིས། ཨོསི་ཏྲེ་རི་ལི་ཡའི་སྲིད་བློན་Malcolm Turnbull་མཆོག་ལ་ཞལ་པར་ཐོག་ནས་བཀའ་མོལ་གནང་སྐབས། Trump གིས་Turnbull་ལ་སྐྱབས་བཅོལ་བའི་མཐུན་གྲོས་སྐོར་ཁ་རྡུང་བཏང་གནང་ནས་ཞལ་པར་གློ་བུར་བཅད་པའི་དོན་རྐྱེན་བྱུང་བའི་དུས་ཚོད་ཀྱི་གཡས་གཡོན་དེར་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཨོ་སི་ཏྲེ་རི་ལི་ཡའི་ནང་གཞུང་དོན་ཕྱོགས་བསྐྱོད་འགྲོ་རྒྱུའི་གསལ་བསྒྲགས་རྒྱ་ནག་གིས་བྱས་ཡོད་པ་རེད།
དངོས་གཞི་བྱས་ན། ཨོསི་ཏྲེ་རི་ལི་ཡ་དང་ཨ་མི་རི་ཀའི་དབར་ད་ཕན་མཐུན་ལམ་བཟང་པོ་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འཁོན་འཁྲུག་ཕལ་ཆེ་བའི་སྐབས་ཨོསི་ཏྲེ་རི་ཡས་ཨ་མི་རི་ཀར་རྒྱབ་སྐྱོར་གནང་ཡོད་པ་རེད།
ཉེ་བའི་ཆར་ཨ་རིའི་Donald Trump་སྲིད་གཞུང་གིས་TPP་ཞེས་པའི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ནས་ཨ་རི་ཕྱིར་འཐེན་གནང་རྗེས། རྒྱ་ནག་གི་རྒྱབ་རྟེན་བྱས་པའི་ཚོང་ལས་མཉམ་འབྲེལ་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཚོའི་གྲས་སུ་ཨོསི་ཏྲེ་རི་ལི་ཡ་ཡང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་རྒྱ་ནག་ནི་ཨོསི་ཏྲེ་རི་ལི་ཡའི་ཚོང་ཤག་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ནའང་། རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་ཨོསི་ཏྲེ་རི་ལི་ཡ་དང་ཨ་རི་གཉིས་མཐུན་ཕྱོགས་ཡིན་པའི་རྐྱེན་གྱིས་རྒྱ་ནག་དང་ཨོསི་ཏྲེ་རི་ལི་ཡ་གཉིས་དབར་གྱི་འབྲེལ་ལམ་ལ་མི་བདེ་བ་ཕྲན་བུ་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎