བོད་རིཌ་ལས་བྱེད་ཚོར་ཉིན་ལྟར་གླུ་གཞས་སྦྱོང་བརྡར་སྤྲོད་བཞིན།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་ལས་ཁུང་ཁག་ནང་ལས་དོན་མཚམས་འཇོག་བྱྱས་ནས་ལས་བྱེད་པ་ཚོར་གླུ་གཞས་ཀྱི་སྦྱོང་བརྡར་སྤྲོད་པའི་གནས་ཚུལ།

2009.04.29

༄༅༎དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གཞུང་ལས་ཁུང་ཁག་ནང་ལས་དོན་མཚམས་འཇོག་བྱེད་བཅུག་ནས་ཉིན་ལྟར་བཞིན་ལས་བྱེད་པ་ཚོར་གླུ་གཞས་སྦྱོང་བརྡར་བྱེད་བཅུག་གི་ཡོད་པའི་གནས་ཚུལ་འདུག

ལས་ཁུང་ཁག་གི་ལས་བྱེད་པ་དང་རྒན་ཡོལ་ཞུས་ཟིན་པའི་བོད་མི་ཚོ་ནམ་རྒྱུན་གླུ་གཞས་གཏོང་ཤེས་མིན་ལ་མ་ལྟོས་པར་བཙན་བཀའ་བཏང་ནས་མཉམ་གཞས་དང་རྐྱང་གཞས་སོགས་ཉིན་ལྟར་སྦྱོང་བརྡར་བྱེད་བཅུག་གི་ཡོད་པའི་ཁུངས་ལྡན་གནས་ཚུལ་ཞིག་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག

དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི་ཕྱི་ཟླ་ལྔ་པའི་ཚེས་གཅིག་གི་ཉིན་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྲུང་བརྩི་ཞུ་ཕྱིར་གླུ་གཞས་འགྲན་བསྡུར་གྱི་བྱེད་སྒོ་ཞིག་འཛུགས་རྒྱུའི་འཆར་གཞིའི་འོག་བྱས་པ་ཞིག་ཡིན་པ་དང་ལས་བྱེད་པ་གླུ་གཞས་རྩ་བ་ནས་གཏོང་མྱོང་མེད་མཁན་ལའང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་རྐྱང་གཞས་ངེས་པར་དུ་གཏང་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་མ་ཟད་གཞས་དེ་ཚོ་གུང་ཁྲན་ཏང་ལ་སྟོད་གླུ་དང་རྒྱལ་ཞེན་གྱི་ནང་དོན་མཚོན་པའི་རིགས་གཏང་དགོས་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎