རྒྱའི་ཁྲིམས་རྩོད་པ་ཞིག་གིས་༸སྐུའི་དགོངས་གཞིར་རྒྱབ་སྐྱོར།

རྒྱ་ནག་གི་ཁྲིམས་རྩོད་པ་ཀྲུ་ཅིའུ་ཧུའུ་ཡིས་༸གོང་ས་མཆོག་གི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཀྱི་དགོངས་གཞིར་རྒྱབ་སྐྱོར།

2008.11.11

༄༅༎འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པ་ཀྲུ་ཅིའུ་ཧུའུ་ཡིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འབད་བརྩོན་གནང་བཞིན་པ་དེ་དང་རྒྱ་བོད་གཉིས་ཕན་གྱི་དགོངས་གཞི།དེ་བཞིན་རྒྱ་བོད་གཉིས་བར་གྱི་མཛའ་མཐུན་ཡོང་ཐབས་ཀྱི་དགོངས་གཞིར་རྒྱབ་སྐྱོར་ཞུ་གི་ཡོད་པ་རེད།

དེ་རིང་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་པར་ངོས་ཐོག་གནས་ཚུལ་སྤེལ་བའི་ནང་ཀྲུའུ་ཅིའུ་ཧུའུ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱེད་མཁན་གྱི་རྒྱ་མིའི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་ཟླ་བ་འདིའི་ཕྱི་ཚེས་ལྔ་ཉིན་གྲན་རྡུ་གྲོང་ཁྱེར་གྱི་ཁྲིམས་ཁང་དུ་རྒྱ་མི་རྩོམ་བྲིས་པ་ཁྲེན་ཏའོ་ཅུན་ལ་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་ཁྲིམས་བཤེར་བྱེད་པའི་སྐབས་ཁོང་གིས་ཁྲིམས་རྩོད་པ་གནང་སྟེ་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འབད་བརྩོན་གནང་བཞིན་པའི་རྒྱ་བོད་མཉམ་གནས་ཀྱི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད་པ་རེད། དེ་ཡང་ཁོང་གིས་ཁྲེན་ཏའོ་ཅུན་གྱི་ཆེད་དུ་རྒྱ་ནག་གི་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པའི་གསལ་བསྒྲགས་ཡི་གེ་དེའི་ནང་ལ་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉི་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་དབུ་ཁྲིད་དང་རྒྱ་ནག་མི་དམངས་ལ་སྩལ་བའི་གསུང་འཕྲིན་གྱི་ནང་ལ་བོད་དེ་བཞིན་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲོམ་གཞིའི་འོག་རྒྱ་བོད་གཉིས་ཕན་ཡོང་བའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་ལེན་གནང་གི་ཡོད་པའི་བཀའ་གསལ་པོ་གནང་བ་དེ་དང་ད་དུང་༸གོང་ས་མཆོག་གི་བོད་ཀྱི་རིག་གཞུང་དང་ཆོས་ལུགས།བོད་མི་རིགས་ཀྱི་སྐད་ཡིག།མི་རིགས་ཀྱི་ངོ་བོ།བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཉམ་ཆགས་འགྲོ་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་གནང་བ་དེ་དག་དྲང་བདེན་ཡིན་པའི་རྒྱབ་སྐྱོར་ཞུས་པ་མ་ཟད་ཁོང་གིས་མཐར་ཐུག་གི་བོད་མི་ཚོའི་བསྒྲུབ་བྱའི་མངོན་འདོད་དེ་དག་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ནི་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་བོད་མི་དམངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་སྤྲོད་རྒྱུ་དེ་ཡིན་པ་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎