རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུས་པ།

༸གོང་ས་མཆོག་གིས་ཉི་ཧོང་དུ་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་གསུངས་བར་རྒྱ་ནག་གཞུང་གིས་མཚན་དམས་ཞུས་ཡོད་པའི་གནས་ཚུལ།

2009.11.06

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་པ་ར་དེཤ་ལ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པའི་སྔ་ནུབ་ཏུ།གང་ཉིད་ཀྱིས་ཉེ་ལམ་ཉི་ཧོང་ནང་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་དགོངས་ཚུལ་གསལ་བཤད་གནང་བ་དེར།རྒྱ་ནག་གཞུང་གིས་བསྐྱར་དུ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

དེ་ཡང་འདི་ཚེས་དྲུག་ཉིན་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ཅེས་པའི་ཐོག་ཆེད་རྩོམ་ཞིག་སྤེལ་བའི་ནང༌།ཐེངས་འདིར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱང་སྐབས།བོད་ནང་གི་ད་ལྟའི་གནས་སྟངས་དེ་སྡོད་བཟོས་མི་བདེ་བའི་འཇིགས་དངངས་ཅན་ཞིག་ཏུ་གནས་ཡོད་པའི་སྐོར་གསུངས་བ་ནི།ཁུངས་མེད་རྫུན་གཏམ་ཞིག་ཡིན་པ་དང༌།བོད་ནང་གི་དངོས་ཡོད་གནས་སྟངས་དེ་ནི།འདས་པའི་མི་ལོ་ལྔ་བཅུའི་རིང་ཁུལ་དེར་ཡར་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ།ད་ཆ་བོད་མི་རྣམས་སྔར་དང་མི་འདྲ་བའི་བདེ་སྐྱིད་ཀྱི་འཚོ་བ་བསྐྱེལ་བཞིན་པར་བརྟེན།ཏྭ་ལའི་བླ་མས་བཤད་པའི་སྐད་ཆ་དེ་དག་ནི་ཁུངས་མེད་རྫུན་གཏམ་ཞིག་ཡིན་པ་ཙམ་མ་ཟད།དེ་ནི་བོད་ནང་གི་འཛུགས་བསྐྲུན་ཡར་རྒྱས་འགོག་ཐབས་དང༌།རྒྱལ་ཁབ་ཁ་བྲལ་གཏང་རྒྱུར་དམིགས་པ་ཞིག་རེད་ཅེས།རྒྱ་ནག་གཞུང་གིས་རྒྱུན་ལྡན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་བའི་སྐད་ཆ་དེ་དག་བསྐྱར་བཟློས་བྱས་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎