བོད་ནང་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་ཡོད་པ།

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་དྲག་པོའི་ཟང་ཟིང་གི་དོན་རྐྱེན་འགོག་ཐབས་ཆེད་དུ་དགོས་ངེས་ཀྱི་བྱ་ཐབས་འཛིན་ལུགས་བཤད་ཡོད་པ།

2009.03.08

༄༅༎རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེ་ནི་བོད་ཀྱི་ས་ཁུལ་ནང་དུ་དྲག་པོའི་ཟང་ཟིང་གི་དོན་རྐྱེན་འགོག་ཐབས་ཀྱི་ཆེད་དུ་དགོས་ངེས་ཀྱི་བྱ་ཐབས་འཛིན་པ་ཞིག་ཡིན་ལུགས་བཤད་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་རྒྱ་ནག་དབུས་གཞུང་གིས་བོད་ནང་གི་སྤྱི་ཚོགས་བརྟན་ལྷིང་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་བྱ་ཐབས་ལག་བསྟར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་མ་ཟད་དོན་མེད་ཀྱི་གནོད་འཚེ་རིགས་མི་ཡོང་བའི་འགོག་སྲུང་དང་བོད་ནང་གི་བརྟན་ལྷིང་འགན་སྲུང་གི་ཆེད་དུ་དྲག་གནོན་གྱི་བྱ་ཐབས་དགོས་གལ་ཡིན་པའི་སྐོར་གྱི་དཔྱད་རྩོམ་ཞིག་སྤེལ་བ་དེ་ནི་དེ་སྔ་བོད་མི་ཚོས་རྒྱ་ནག་བཙན་འཛུལ་པར་ངོ་རྒོལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཆབ་སྲིད་ཀྱི་ཚོ་བ་གཟབ་པའི་ཉིན་མོ་དེ་རེས་གཟའ་མིག་དམར་ཉིན་འཁེལ་གྱི་ཡོད་པའི་གོང་དེར་བོད་ནང་སྲུང་སྐྱོབ་དམ་བསྒྲགས་སྔར་བས་ཆེ་རུ་བཏང་བའི་གནས་སྟངས་ལ་ཕྱི་རྒྱལ་བ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་རྒྱ་ནག་ཐོག་ལ་སྐྱོན་བརྗོད་བྱེད་བཞིན་པ་དེ་ལས་གཡོལ་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པ་རེད། ད་དུང་བོད་འཛུགས་སྐྲུན་ཡར་རྒྱས་ཀྱི་དོན་དུ་རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་དམ་འཛིན་བྱ་དགོས་པའི་སྐོར་བཤད་ཡོད་ཅིང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དུ་སྲུང་སྐྱོབ་ཧ་ཅང་གི་དམ་བསྒྲགས་ཆེ་རུ་བཏང་བ་མ་ཟད་དམིགས་བསལ་རེས་གཟའ་མིག་དམར་ཉིན་གྱི་དྲན་གསོའི་སྐབས་བོད་མི་ཚོས་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་བོད་ཆོལ་ཁ་གསུམ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བཞིན་ཡོང་རྒྱུའི་འཇིགས་སྣང་འོག་བོད་ཀྱི་ས་ཁུལ་ཁག་ནང་སྔར་བས་སྲུང་སྐྱོབ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་དྲག་གནོན་མུ་མཐུད་བྱེད་བཞིན་པ་རེད། ཁེ་ན་ཌའི་ནང་དུ་ཡོད་པའི་དབྱིན་ཇིའི་ཁོ་ལམ་སྦི་ཡ་མཐོ་རིམ་སློབ་གྲྭའི་ནང་ལོ་རྒྱུས་ཞིབ་འཇུག་གནང་མཁན་སྐུ་ཞབས་ཚེ་རིང་ཤཀྱ་ལགས་ཀྱིས་བོད་ཀྱི་གནས་སྟངས་མུ་མཐུད་དམ་བསྒྲགས་དང་ཛ་དྲག་ཐོག་གནས་བཞིན་ཡོད་པ་དང་བོད་མི་ཚོས་རྒྱ་ནག་གུང་ཁྲན་ཏང་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་འདོད་བློ་མི་ཁེངས་པར་འ་ཆད་འུ་ཐུག་གིས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎