རྒྱ་གཞུང་གི་པན་ཆེན་ལ་བོད་མི་ཚོས་གུས་བཀུར་མེད་པ།

རྒྱ་ནག་གིས་ངོས་འཛིན་བྱས་པའི་པན་ཆེན་རིན་པོ་ཆེར་བོད་མི་རྣམས་ཀྱིས་གུས་བཀུར་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པའི་གནས་ཚུལ།

2009.08.10

༄༅༎རྒྱ་ནག་གིས་ངོས་འཛིན་བྱས་པའི་པན་ཆེན་རིན་པོ་ཆེར་བོད་མི་རྣམས་ཀྱིས་གུས་བཀུར་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པའི་ཤུགས་རྐྱེན་འོག་རྒྱ་ནག་གི་སྲུང་ཆའི་ལས་དོན་ཤུགས་ཆེ་རུ་གཏོང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

དེ་ཡང་ང་ཚོའི་ཨོ་སི་ཌི་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན་ལྟར་ན་རྒྱ་ནག་གཞུང་གིས་ངོས་འཛིན་གནང་བའི་པན་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གིས་གཙང་བཀྲིས་ལྷུན་པོའི་གདན་ས་ཆེན་པོར་གདན་འདྲེན་ཞུས་ནས་བརྙེན་རྗོགས་ཀྱི་སྡོམ་པ་བཞེས་དུ་བཅུག་ཡོད་པ་དང་སྐབས་དེ་དུས་རྒྱ་ནག་གིས་བོད་མི་རྣམས་ཀྱིས་ངོ་རྒོལ་སོགས་ཀྱི་དོགས་པའི་འོག་བཀྲིས་ལྷུན་པོའི་དགོན་པའི་ཉེ་འཁོར་དང་གཞིས་ཀ་རྩེ་གྲོང་ཁྱེར་ནང་དུ་ཡང་རྒྱ་ནག་གིས་བདེ་འཇགས་དམག་མི་བཀྲམ་ནས་སྲུང་ཆ་དམ་པོ་བྱས་ཡོད་འདུག རྒྱལ་མཚན་ནོར་བུས་བརྙེན་རྗོགས་ཀྱི་སྡོམ་པ་ལེན་པའི་སྐབས་ས་གནས་སུ་མཛད་སྒོ་རྒྱ་ཆེ་གནང་ཡོད་ཀྱང་བོད་མི་རྣམས་མཉམ་ཞུགས་གནང་མེད་པའི་རྒྱུ་མཚན་གྱིས་ལྷ་སའི་གླིང་ནས་སྤྲང་པོ་དང་ལས་མེད་བོད་རིགས་མང་པོ་ཞིག་རྒྱ་ནག་སྣུམ་འཁོར་ཆེ་བའི་ནང་དབོར་འདྲེན་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་ཡང་བོད་ནས་བོད་མི་ཞིག་གིས་གསུངས་དོན་ལ་རྒྱ་ནག་གིས་ངོས་འཛིན་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གིས་དྲིལ་བསྒྲགས་ཀྱི་ལག་ཆ་ལྟ་བུ་ཞིག་བེད་སྤྱོད་བཏང་གི་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ད་དུང་འཚོ་བཞུགས་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎