རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུ་བཞིན།

རྒྱ་ནག་གུང་ཁྲན་ཚོགས་པས་ད་དུང་ཡང་མུ་མཐུད་༸གོང་ས་མཆོག་ལ་མཚན་དམས་ཞུ་བཞིན་ཡོད་པ་རེད།

2008.07.02

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་ནག་ནང་ཕེབས་འབྱོར་བྱུང་མིན་ལ་མ་ལྟོས་པར་རྒྱ་ནག་གུང་ཁྲན་ཚོགས་པས་ད་དུང་ཡང་མུ་མཐུད་༸གོང་ས་མཆོག་ལ་མཚན་དམས་ཞུ་བཞིན་ཡོད་པ་རེད་

དེ་ཡང་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ བོད་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་དྲུང་ཆེ་ཀྲང་ཆིང་ལིའི་ཡིས་༸གོང་ས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཁན་ནི་ཕྱི་ཟླ་གསུམ་པའི་ཚེས་༡༤ཉིན་གྱི་དོན་རྐྱེན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད་ཅེས་བརྗོད་ཡོད་པ་དང་

གསུམ་པའི་ཚེས་༡༤འི་དོན་རྐྱེན་དེ་ནི་ཏཱ་ལའི་བླ་མས་ངན་སྐུལ་བྱས་ཏེ་བོད་མི་ཁ་བྲལ་རིང་ལུགས་པས་དུས་ཡུན་རིང་པོའི་རིང་དུ་གྲ་སྒྲིག་བྱས་པའི་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་རེད་ཅེས་ཀྲང་ཡིས་གོང་ཞུས་གསར་ཤོག་ཐོག་མུ་མཐུད་འགྲེལ་བརྗོད་བྱས་ཡོད་པ་རེད་ ཡང་ཀྲང་ཡིས་དྲག་པོའི་ངོ་རྒོལ་དེ་ཟླ་བ་རྗེས་མའི་ནང་པེ་ཅིང་དུ་ཨོ་ལིམ་པིག་གི་རྩེད་འགྲན་སྐོངས་ཚོགས་མ་བྱས་བར་མུ་མཐུད་བྱེད་རྒྱུ་ཡིན་པ་རེད་ཅེས་དང་ ཚོར་བ་རྣོ་བའི་ཟླ་བ་དེའི་ནང་ཨོ་ལིམ་པིག་གི་རྩེད་འགྲན་ཐོག་གནོད་འཚེ་བྱེད་མཁན་དང་བོད་ཀྱི་བརྟན་ལྷིང་ཐོག་གཏོར་བཤིག་གཏོང་མཁན་དེ་ག་ནང་བཞིན་ཆབ་སྲིད་ཀྱི་གནད་དོན་ཐོག་གནོད་འཚེ་གཏོང་མཁན་སོགས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་དགོས་ལུགས་སོགས་བོད་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་དྲུང་ཆེ་ཀྲང་ཆི་ལིའི་ཡིས་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎