བོད་ཀརྨ་ཤང་དུ་འབར་གས་དོན་རྐྱེན་རྗེས་ཀྱི་གནས་ཚུལ།

བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནང་དུ་རྒྱ་རིགས་མང་པོ་གསར་དུ་གཞིས་སྤོས་བྱེད་ས་ཞིག་ཏུ་བསྒྱུར་བཞིན་ཡོད་པའི་གནས་ཚུལ་འདུག

2011.10.31

༄༅༎བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན་ ཉེ་ཆར་ཆབ་མདོ་ས་ཁུལ་ཀརྨ་ཤང་ས་གནས་སྲིད་གཞུང་གི་ཁང་པར་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་སྟེ་ ད་ལྟའི་བར་དེའི་ཉེ་འགྲམ་གྱི་ཀརྨ་དགོན་དུ་སྲིད་གཞུང་གི་ཉེན་རྟོག་པ་དང༌ དམག་མི་མང་པོ་ཡོང་སྟེ་ཉིན་ལྟར་ཚོགས་འདུ་ཚོགས་པ་དང༌ མི་མང་ལ་སྡིག་ར་སྐུལ་བ་ འགྲིམ་འགྲུལ་ཚང་མ་སྒོ་བརྒྱབ་ཡོད་པ་རེད་ སྐབས་དེར་ས་གནས་སྲིད་གཞུང་གི་ཁང་པ་དང་ཉེ་འགྲམ་གྱི་གྱང་དང་རྩིག་པའི་ངོས་སུ་བོད་རང་བཙན་དང༌ བོད་ལ་རང་དབང་དགོས་སོགས་ཀྱི་འབོད་ཚིག་བྲིས་པ་དང༌ ལྷག་པར་དུ་བོད་ཀྱི་གྲོང་གསེབ་ཁག་གི་ནང་དུ་ཏང་གི་བྱ་འགུལ་ཁང་ཞེས་པའི་ཁང་པ་གསར་བསྐྲུན་བྱེད་བཞིན་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་ས་ཁུལ་ནང་དུ་རྒྱ་རིགས་མང་པོ་གསར་དུ་གཞིས་སྤོས་བྱེད་ས་ཞིག་ཏུ་བསྒྱུར་བཞིན་པ་རེད་ ཀརྨའི་ས་གནས་ལ་ཡང་ས་གནས་
བོད་མིའི་འཚོ་བའི་སྐྱིད་སྡུག་ལ་བལྟ་མཁན་ཡིན་ཞེས་ རྒྱ་རིགས་གསར་དུ་གཞིས་སྤོས་བྱ་སའི་ཁང་པའི་གྱང་ལྡེབས་ལ་ཡང༌ ས་གནས་འདིར་ལས་བྱེད་པ་སྡོད་དགོས་ན་ ངེས་པར་དུ་བོད་ཀྱི་སྐད་ཡིག་ཤེས་མཁན་ཡོད་དགོས་པ་ལས་དེ་མིན་ངོས་ལེན་མེད་ཅེས་བྲིས་པ་དང༌ རྒྱ་རིགས་གནས་སྤོས་བྱེད་རྒྱུ་མཚམས་མ་བཞག་ན་ དྲག་རྒོལ་བྱེད་རྒྱུ་ཡིན་སོགས་བྲིས་ཡོད་པ་རེད་ ཚེས་ ༢༩འི་ཉིན་ ལས་བྱེད་པ་དང་བདེ་འཇགས་མི་སྣ་མང་པོ་དགོན་པའི་ནང་དུ་ཡོང་སྟེ་ གྲྭ་བཙུན་རྣམས་རེ་རེ་བཞིན་དུ་པར་བརྒྱབས་པ་དང༌ མི་རེ་རེ་བཞིན་མཛུབ་ཐེལ་རྒྱབ་བཅུག་པ་ ལུས་ནས་ཁྲག་ལེན་པ་ མི་རེ་རེ་བཞིན་ཡིག་གཟུགས་སྣ་ཁ་གསུམ་རེ་འབྲི་རུ་བཅུག་པ་སོགས་བྱས་ཡོད་པ་རེད་ དགོན་པའི་ནང་བསུན་བཙིར་སྣ་ཚོགས་བྱས་པའི་རྐྱེན་གྱིས་ཚེས་ ༢༩འི་མཚན་མོ་དགོན་པའི་གྲྭ་བཙུན་ཚང་མ་ཕྱོགས་ཕྱོགས་སུ་འཐོར་ཞིག་ཏུ་སོང་ནས་ ད་ལྟ་དགོན་པའི་ནང་འགྲོ་མི་ཐུབ་པའི་རྒན་པ་གསུམ་ཙམ་མ་གཏོགས་གཅིག་ཀྱང་མེད་པར་དགོན་སྟོང་དུ་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎