རྒྱ་ནག་གིས་གནད་ཡོད་མི་ན་ཁག་ཅིག་དོ་དམ་བྱས་ཡོད་པ།

རྒྱ་ནག་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་དོན་སྤེལ་མཁན་གནད་ཡོད་མི་སྣ་ཁག་ཅིག་དོ་དམ་བྱས་འདུག

2011.02.20

༄༅༎དྲ་རྒྱའི་ཐོག་རྒྱ་ནག་མི་དམངས་ཚོར་དཀྱིལ་ཤར་ཡུལ་གྲུའི་ནང་གི་གསར་རྗེའི་ལས་འགུལ་ལ་མིག་དཔེ་བལྟ་བའི་ལས་འགུལ་སྤེལ་དགོས་པའི་སྐུལ་མའི་གནས་ཚུལ་བཀོད་སྤེལ་བྱས་པའི་རྗེས། རྒྱ་ནག་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་དོན་སྤེལ་མཁན་གནད་ཡོད་མི་སྣ་ཁག་ཅིག་དོ་དམ་བྱས་ཏེ་ད་ཆ་གར་སོང་མེད་པ་གྱུར་ཡོད་པའི་སྐོར་ལ། དེ་རིང་པེ་ཅིང་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། རྒྱ་ནག་གཞུང་གིས། རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པའི་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་དང་ལས་འགུལ་སྤེལ་མཁན་གྱི་གནད་ཡོད་མི་གྲངས་༡༥ཙམ་རེས་གཟའ་སྤེན་པ་ནས་གར་སོང་མེད་པར་གྱུར་ཡོད་པ་མ་ཟད། དྲ་རྒྱའི་ཐོག་ལས་འགུལ་སྤེལ་དགོས་པའི་སྐོར་རྒྱུད་སྐུལ་གྱི་གནས་ཚུལ་བཀོད་སྤེལ་བྱེད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་རེད། དྲ་རྒྱ་གཅིག་གི་ཐོག་ལ་རྒྱ་ནག་མི་དམངས་ཚོར་ལས་འགུལ་སྤེལ་དགོས་པའི་རྒྱུད་སྐུལ་བྱས་པའི་ནང༌། ལས་མེད་དུ་གྱུར་བའི་ལས་བཟོ་བ་དང༌། གཞུང་གིས་ས་ཞིང་བཙན་འཕྲོག་བྱས་ཏེ་གྱོང་རྒུད་འཕོག་པའི་མི་དམངས་རྣམས་ལས་འགུལ་ནང་མཉམ་ཞུགས་བྱེད་པར་དགའ་བསུ་ཡོད། ང་ཚོ་མཉམ་རུབ་ཀྱིས་རང་དབང་དང༌། དམངས་གཙོ་རྩོད་ལེན་བྱེད་དགོས་པ་མ་ཟད། ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་བྱེད་པའི་ལམ་ལུགས་བཅོས་བསྒྱུར་བྱ་དགོས་པའི་འབོད་སྒྲ་སྒྲོག་དགོས་ཞེས་བཀོད་སྤེལ་བྱས་ཡོད་པ་རེད། དེ་རིང་རེས་གཟའ་ཉི་མའི་ཉིན་ཕེ་རན་སི་གསར་འགོད་པས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་མཚན་སྙན་ཆེ་བའི་ཁྲིམས་རྩོད་པ་ཐེང་པིའོ་དང། ཞུས་ཀྲི་ཡུང་། ཅིང་ཐན་ཡུང་སོགས་ལ་ཁ་པར་ནས་འབྲེལ་བ་ཞུ་སྐབས། ལན་འདེབས་བྱེད་མཁན་བྱུང་མེད་པ་དང༌། ཁོང་གི་གྲོགས་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་གཞན་ཚོས། ཁོང་རྣམས་རྒྱ་ནག་ཉེན་རྟོག་པའི་དོ་དམ་འོག་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས། ཉེ་ཆར་ཀྲུ་ནི་ཤི་ཡའི་རྒྱལ་ཁབ་ནང་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དགོས་པའི་ངོ་རྒོལ་ལས་འགུལ་འགོ་བཙུགས་ཏེ། རིམ་བཞིན་དེའི་ཚ་རླབས་ཨི་ཇིབཏ་སོགས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ནང་ཁྱབ་སྤེལ་ཕྱིན་པའི་གནས་ཚུལ་གྱིས་རྐྱེན་པས་རྒྱ་ནག་ནང་ཉེན་ཁ་དེ་ཡོང་རྒྱུར་འཇིགས་སྣང་གིས་མི་བཟོད་པར་དྲ་རྒྱ་སོགས་ནང་གནས་ཚུལ་་དེ་རིགས་བཀོད་སྤེལ་བྱེད་པར་བཀག་འགོག་བྱེད་ཀྱི་ཡོད་པརེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎