རྒྱ་ནག་གི་སྲིད་བློན་བྱང་ཀོ་རི་ཡར་འཚམས་གཟིགས་གནང་བ།

རྒྱ་ནག་གི་སྲིད་བློན་ལྦུན་ཅ་པོ་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ནང་ཉིན་གསུམ་གྱི་གཟིགས་སྐོར་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག

2009.10.04

༄༅༎རྒྱ་ནག་གི་སྲིད་བློན་ལྦུན་ཅ་པོ་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ནང་ཉིན་གསུམ་གྱི་གཟིགས་སྐོར་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག

པིཡོང་ཡེང་ནས་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་སྲིད་བློན་ལྦུན་ཅ་པོ་རེས་གཟའ་ཉི་མའི་སྔ་དྲོ་བྱང་ཀོ་རི་ཡའི་སུ་ནན་གནམ་ཐང་དུ་འབྱོར་སྐབས་སྲིད་འཛིན་ཀིམ་ཡོང་ནཱམ་དང་སྲིད་བློན་ཀིམ་ཇོང་ཨིལ་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་གནང་ཡོད་འདུག གནམ་ཐང་ནས་ཤར་རྒྱག་ཡུལ་དེའི་དབུ་ཁྲིད་དམ་པ་ཀིམ་ཨིལ་སུང་གི་དྲན་རྟེན་ཁང་དུ་བསྐྱོད་དེ་གུས་བཏུད་ཞུས་རྗེས་རྒྱལ་ཁབ་ཀྱི་དམར་ཤོག་ཚོགས་པའི་དབུ་ཁྲིད་རྣམ་པ་དང་མཇལ་འཕྲད་གནང་ཡོད་འདུག སྲིད་འཛིན་ལྦུན་ཅ་པོ་ཡིས་དེ་རྗེས་ཕྱི་སྲིད་བློན་ཆེན་དང་ཟུར་མཇལ་གྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་གོང་མཐོར་སྤེལ་རྒྱུའི་སྐོར་ནང་མོལ་གནང་རྒྱུ་ཡིན་འདུག རྒྱ་ནག་ནང་དམར་ཤོག་ཚོགས་པའི་གཞུང་དབུ་བརྙེས་པ་དང་རྒྱ་ནག་དང་ཀོ་རི་ཡ་དབར་གཞུང་འབྲེལ་གསར་གཏོད་གཉིས་དུས་མཚུངས་ཡིན་པས་སྲིད་བློན་ལྦུན་ཅ་པོ་ཡི་བྱང་ཀོ་རི་ཡའི་ནང་དུས་དྲན་དེ་གཉིས་སྲུང་བརྩིའི་མཛད་སྒོ་ཁག་ནང་མཉམ་ཞུགས་ཀྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་སྲ་བརྟན་བཟོ་རྒྱུའི་དམིགས་ཡུལ་བཅང་གི་ཡོད་པ་ཐེ་ཚོམ་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎