རྒྱ་ནག་སྲིད་འཛིན་གྱིས་ཆི་ཀ་ཀོའོ་གྲོང་ཁྱེར་དུ་འཚམས་འདྲི།

རྒྱ་ནག་གི་སྲིད་འཛིན་ཨ་རིའི་ཆི་ཀ་ཀོའི་གྲོང་ཁྱེར་ནང་ཕེབས་འབྱོར་བྱུང་བའི་སྐབས་དགའ་བསུ་ཞུ་མཁན་དང་ངོ་རྒོལ་བྱེད་མཁན་བྱུང་འདུག

2011.01.21

༄༅།།རྒྱ་ནག་གི་སྲིད་འཛིན་མཆོག་ཨ་རིའི་ཆི་ཀ་ཀོའི་གྲོང་ཁྱེར་ནང་ཕེབས་འབྱོར་བྱུང་བའི་སྐབས་དགའ་བསུ་ཞུ་མཁན་དང་། ངོ་རྒོལ་བྱེད་མཁན་ཟུང་སྦྲེལ་བྱུང་ཡོད་འདུག

སྲིད་འཛིན་ཧུ་ཇིན་ཏའོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་དོན་གཟིགས་བསྐོར་གནང་བའི་རྗེས་ཁ་ས་རེས་གཟའ་ཕུར་བུའི་ཉིན་གྲོང་ཁྱེར་ཆི་ཀ་ཀོའི་ནང་ཕེབས་འབྱོར་བྱུང་བ་དང་། གནམ་ཐང་དུ་གྲོང་ཁྱེར་སྤྱི་ཁྱབ་ཀྱིསགཙོས་འབྲེལ་ཡོད་དཔོན་རིགས་ཚོས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། གྲོང་ཁྱེར་སྤྱི་ཁྱབ་རི་ཅདྲ་ དྲེ་ལེ་མཆོག་གི་གོ་སྒྲིགས་གནང་བའི་ལྷན་འཛོོམས་ཐོག་ཨ་རིའི་བྷོ་ཡིང་ཞེས་པའི་གནམ་གྲུ་བཟོ་ལས་ཚན་པའི་སྤྱི་ཁྱབ་ཀྱི་ཚོང་ལས་ཚན་པ་ཁག་གི་འགན་འཛིན་དང་། གྲོང་ཁྱེར་སྲིད་སྐྱོང་གིས་གཙོས་པའི་འབྲེལ་ཡོད་དཔོན་རིགས་སོགས་མང་པོ་ཞིག་ཚོགས་འཛོམས་སར་གྲོང་ཁྱེར་སྤྱི་ཁྱབ་དྲ་ལེ་མཆོག་གིས། རྒྱ་ནག་དང་གྲོང་ཁྱེར་ཆི་ཀ་ཀོའི་དབར་མི་ཐོག་ནས་མི་ཐོག་ཁེ་ཕན་ཡོང་རྒྱུའི་ཆེད་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་པ་དང་། སྲིད་འཛིན་ཧུ་ཇིན་ཏའོས་གྲོང་ཁྱེར་སྤྱི་ཁྱབ་མཆོག་གི་ལས་དུས་རིང་ཆི་ཀ་ཀོའི་གྲོང་ཁྱེར་ཡར་རྒྱས་ཕྱིན་ཡོད་ལུགས་བསྔགས་བརྗོད་གནང་བས་མ་ཟད་རྒྱ་ནག་གི་ངོས་ནས་གཞུང་དང་གཞུང་དབར་གྱི་འབྲེལ་བ་ཙམ་མ་ཡིན་པར་ཚོང་ལས་ཚན་པའི་མཉམ་དུའང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་འཐབ་བྱུས་འཛིན་གྱི་ཡོད་ཅེས་རྒྱ་ནག་ནང་དེང་སང་ཨ་རིའི་ཚོང་དོན་ཚན་པ་ཁག་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་ལུགས་གཏམ་བཤད་སྤེལ་གནང་ཡོད་པ་རེད།

སྲིད་འཛིན་ཧུ་ཇིན་ཏའོ་མཆོག་གྲོང་ཁྱེར་ཆི་ཀ་ཀོར་ཕེབས་པའི་སྐབས་རྒྱ་རིགས་མང་པོ་ཞིག་ནས་དགའ་བསུ་ཞུ་བར་སླེབས་ཡོད་པ་ནས་གཞོན་སྐྱེས་ཁག་ཅིག་ལ་གསར་འགོད་པས་དྲི་བ་བྱེད་པའི་སྐབས། རྒྱ་ནག་ནང་ཡིན་ན་སྲིད་འཛིན་མཇལ་ཐུབ་ཡག་ཡོད་མ་རེད། ཡིན་ནའང་ད་རེས་ཁོང་འདིར་ཕེབས་པའི་སྐབས་མཇལ་རྒྱུ་བྱུང་བ་ཧ་ཅང་དགའ་པོ་འདུག་ཅེས་ལན་རྒྱབ་འདུག འོན་ཀྱང་འབྲེལ་ཡོད་རྣམས་ཚོགས་འཛོམས་གནང་ཡུལ་མདུན་ས་གནས་དང་ཕྱོགས་མཐའ་ནས་ཕེབས་པའི་བོད་མི་ཉིས་བརྒྱ་ལྷག་ཙམ་ནས་ངོ་རྒོལ་གྱི་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་། ཧུ་ཇིན་ཏའོ་རྒྱ་ནག་གི་འགོ་འཁྲིད་བྱེད་པ་ནས་བཟུང་བོད་ནང་སྲིད་བྱུས་དམ་དུ་ཕྱིན་ཡོད་པ་དང་རིམ་པས་བོད་ཀྱི་རིག་གཞུང་ཡང་རྩ་མེད་འགྲོ་རྒྱུའི་ཉེན་ཁ་བཟོས་ཡོད་རེད་ཅེས་གསར་འགོད་པས་འདྲི་བར་ལན་རྒྱབ་ཡོད་པ་རེད། ལོ་ངོ་ཉི་ཤུ་རྩ་གྲངས་ཀྱི་རྗེས་སུ་རྒྱ་ནག་གི་འགོ་འཁྲིད་གྲོང་ཁྱེར་ཆི་ཀ་ཀོའི་ནང་གཞུང་འབྲེལ་འཚམས་འདྲི་གཟིགས་བསྐོར་གནང་བ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཕྱོགས་གཉིས་ཀའི་ངོས་ནས་གཙོ་བོ་ཚོང་འབྲེལ་གྱི་འབྲེལ་ལམ་གསར་གཏོད་དང་ཡག་ཏུ་གཏོང་རྒྱུའི་གྲོས་མོལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎