ཀའོ་ཀྲེ་ཧྲན་གྱི་བཟའ་ཟླས་ཨ་རིའི་སྲིད་འཛིན་ལ་འབོད་སྐུལ།

ཨ་རིའི་སྲིད་འཛིན་ལ་རྒྱ་ནག་གི་སྲིད་འཛིན་ཐུག་ཕྲད་གནང་སྐབས་རྒྱ་རིགས་ཀའོ་ཀྲེ་ཧྲན་གྱི་གནས་སྟངས་སྐོར་གླེང་སློང་གནང་རྒྱུའི་འབོད་སྐུལ།

2011.01.20

༄༅༎ཕྱི་ཚེས་༡༩ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ལ་སྲིད་འཛིན་ཕོ་བྲང་ནང་སྣེ་ལེན་ཞུས་པའི་སྐབས་ དང་སྟུན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཁྲིམས་རྩོད་གནང་མཁན་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲང་གི་བཟའ་ཟླ་ཀེང་ཧེ་ཡིས་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གི་སྲིད་འཛིན་དང་ཐུག་ཕྲད་གནང་སྐབས་ཁོང་གི་བཟའ་ཟླའི་གནས་སྟངས་སྐོར་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད་ 

ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲང་ན་ནིང་ཕྱི་ཟླ་བཞི་པའི་ནང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་རྗེས་གར་སོང་ཆ་མེད་དུ་འགྱུར་ཡོད་པ་དང་ ཁོང་གི་བཟའ་ཟླ་ཀེང་ཧེ་ཡིས་ཨ་རིའི་སྲིད་འཛིན་ཕོ་བྲང་གི་མདུན་གསར་འགོད་པའི་བཅའ་དྲིར་ལན་འདེབས་གནང་སྐབས་གསུང་ན་  ཁོང་དང་ཁོང་གི་ཕྲུ་གུ་ཚོའི་སེམས་ཚོར་ལ་བསམ་ཞིབ་གནང་རྒྱུའི་རེ་བ་གནང་གི་ཡོད་ཅེས་གསུང་འདུག་ལ་ ཁོང་གིས་དྲན་ཡས་ལ་སྲིད་འཛིན་ཨོའོ་བ་མ་ཡིས་ཕའི་དུས་ཆེན་སྐབས་ཀྱི་གསུང་བཤད་ཅིག་གནང་བའི་ནང་སྙིང་སྟོབས་ཆེ་བའི་སྐྱེས་མ་དང་རླབས་ཆེན་གྱི་རྨོའོ་ཡིས་ཁོང་གསོ་སྐྱོངས་གནང་བ་མ་ཟད་སྒྲིག་ཁྲིམས་དང་གཞན་ལ་ཕན་སེམས་ཀྱི་སེམས་པ་ཞིག་འཁྱེར་དགོས་པའི་བསླབ་བྱ་བཀྱོན་ནས་ང་ལ་ད་ལྟའི་འབྲས་བུ་དེ་ཐོབ་པ་རེད་ ཡིན་ནའི་དུས་ད་ལྟ་ཡང་ཆུང་དུས་ཕ་འཁྲིས་ལ་མེད་པའི་སྡུག་བསྔལ་གྱི་སེམས་ཚོར་དེ་བརྗེད་ཐབས་མིན་འདུག་ཅེས་གསུང་མྱོང་བ་དྲན་གསོས་ཀྱི་འདུག དེར་བརྟེན་ངའི་ལོ་ངོ་བཅུ་བདུན་བྱས་པའི་བོུ་དང་ ལོ་ངོ་བདུན་ལ་སླེབས་པའི་བུ་ལ་ཕ་འཁྲིས་ལ་མེད་པའི་སྡུག་བསྔལ་གྱི་སེམས་ཚོར་དེ་ཨ་རིའི་སྲིད་འཛིན་མཆོག་ནས་དགོངས་བཞེས་གནང་ཐུབ་རྒྱུར་ཡིད་ཆེས་ཞུ་གི་ཡོད་པས་ སྲིད་འཛིན་མཆོག་ནས་ཆུང་དུའི་དུས་ཕ་མེད་པའི་སྡུག་བསྔལ་གྱི་སེམས་ཚོར་ལ་དགོངས་བཞེས་གནང་ཏེ་ རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་བའི་སྐབས་ངའི་བཟའ་ཟླའི་གནས་སྟངས་སྐོར་གླེང་སློང་གནང་ཏེ་ཁོང་མགྱོགས་མྱུར་གློད་བཀྲོལ་ཡོང་རྒྱུའི་རོགས་རམ་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎