རྒྱ་ནག་ཏུ་ངར་ལྕགས་བཟོ་གྲྭའི་ལས་བཟོ་བ་ཚོས་ངོ་རྒོལ།

རྒྱ་གཞུང་གིས་གཉེར་བཞིན་པའི་ངར་ལྕགས་བཟོ་གྲྭ་ཞིག་སྒེར་གྱི་བཟོ་གྲྭར་ཚོང་འགྱུར་བྱས་པ་དེར་བཟོ་གྲྭའི་ལས་བཟོ་བ་ཚོས་ངོ་རྒོལ་བྱས་པ།

2009.08.16

༄༅༎རྒྱ་ནག་གཞུང་གིས་གཉེར་བཞིན་པའི་ངར་ལྕགས་བཟོ་གྲྭ་ཞིག་སྒེར་གྱི་བཟོ་གྲྭར་ཚོང་འགྱུར་བྱས་པ་དེར་བཟོ་གྲྭའི་ལས་བཟོ་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད་བཟོ་གྲྭའི་དཔོན་རིགས་ཤིག་ཀྱང་ཉིན་མ་བཞིའི་རིང་བཟོ་གྲྭའི་ནང་བཀག་པའི་རྗེས་སྒེར་ལ་ཚོང་འགྲེམས་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་པ་དང་དེ་ནི་འདས་པའི་ཟླ་བ་གཅིག་ནང་ལ་གཞུང་གིས་གཉེར་བཞིན་པའི་ངར་ལྕགས་བཟོ་གྲྭ་སྒེར་བདག་ཅན་དུ་འགྱུར་རྒྱུར་ལས་བཟོ་བ་ཚོས་བཀག་འགོག་ཐུབ་པའི་ལས་དོན་ལམ་ལྷོང་བྱུང་བ་ཐེངས་གཉིས་པ་དེ་ཡིན་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་ངར་ལྕགས་བཟོ་གྲྭ་སྒེར་བདག་ཅན་དུ་འགྱུར་བ་དེའི་ཐོག་ནས་ལས་བཟོ་མང་པོ་ཞིག་ལས་མེད་དུ་འགྱུར་བ་མ་ཟད་གུན་གསབ་ཉུང་ཉུང་ལས་སྤྲོད་ཀྱི་མེད་པའི་དཀའ་རྙོག་ཡོང་གི་ཡོད་ཅིང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་དབུས་ཧེ་ནན་ཞི་ཆེན་གྱི་ལིན་ཀྲོའུ་གྲོང་ཁྱེར་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་རེས་གཟའ་མིག་དམར་ནས་ལིན་ཀྲོའུ་ངར་ལྕགས་བཟོ་གྲྭའི་མདུན་དུ་ལས་བཟོ་བ་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་བཟོ་གྲྭ་ཚོང་འགྲེམས་བྱས་པར་ངོ་རྒོལ་བྱས་པ་དང་ལས་མེད་དུ་གྱུར་བའི་ལས་བཟོ་ཚོར་གུན་གསབ་ཆེ་ཙམ་དགོས་པའི་དགོས་འདུན་བཏོན་པ་མ་ཟད་གཞུང་གི་ངར་ལྕགས་བཟོ་གྲྭའི་ཡན་ལག་བཟོ་གྲྭའི་བལྟ་རྟོགས་པ་དང་འཛིན་སྐྱོང་ལས་ཁང་གི་དཔོན་རིགས་ཏུང་ཀྲང་དབྱིན་ཟེར་བ་བཟོ་གྲྭ་ནས་འགྲོ་བསྐྱོད་བྱེད་དུ་མི་བཅུག་པར་བཀག་འགོག་བྱས་པའི་གནས་ཚུལ་བྱུང་བའི་རྗེས་དེ་རིང་རེས་གཟའ་ཉི་མའི་ཉིན་ཧེ་ནན་ཞིང་ཆེན་གྱི་དཔོན་རིགས་ནས་བཟོ་གྲྭ་ཚོང་འགྲེམས་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་བའི་གནས་ཚུལ་བཀོད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎