རྒྱ་ནག་གི་སློབ་གྲ་ཆེན་མོའི་སློབ་མ་ཞིག་ལ་སྲོག་ཁྲིམས།

རྒྱ་ནག་ནང་སློབ་ཕྲུག་གཅིག་གིས་མོ་ཊ་རྡུང་ནས་མི་ཞིག་ལྐོག་བསད་བཏང་བར་སྲོག་ཐོག་གི་ཉེས་ཆད་ཁྲིམས་ཐག་བཅད་ཡོད་འདུག

2011.04.22

༄༅༎རྒྱ་ནག་ཤིའི་ཨན་སློབ་གྲ་ཆེན་མོའི་སློབ་ཕྲུག་དབྱོག་ཅའ་ཤིན་ཟེར་བས་མོ་ཊ་བཏང་བའི་སྐབས་མིར་རྡུང་ནས་ཉེས་པ་ལས་གཡོལ་ཐབས་ཆེད་ཁོ་པའི་མོ་ཊས་རྡུང་བའི་མི་དེ་ལྐོག་བསད་བཏང་བའི་གྱོད་དོན་ཐོག་དེ་རིང་གཟའ་པ་སངས་ཉིན་ཤིའི་ཨན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་གྱོད་ཞིབ་བྱས་ནས་གྱོད་ཡ་དབྱོག་ཅའ་ཤིན་ལ་སྲོག་ཐོག་གི་ཉེས་ཆད་ཁྲིམས་ཐག་བཅད་ཡོད་འདུག་

ཤིའི་ཨན་སློབ་གྲ་ཆེན་མོའི་རོལ་དབྱངས་ཚན་པའི་ལོ་རིམ་གསུམ་པའི་སློབ་ཕྲུག་དབྱོག་ཅའ་ཤིང་གིས་ན་ནིང་ཕྱི་ཟླ་བཅུ་པའི་ནང་ལས་ཀ་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་བཞིན་པའི་ཞིང་པ་ལས་མི་ཀྲང་དམེག་ཧེཨོག་མོ་ཊས་རྡུང་པའི་རྗེས་རྨས་སྐྱོན་ཕོག་པའི་ཞིང་པ་ལས་མི་དེའི་གཟུགས་པོ་གང་སར་གྲི་བཙུགས་ནས་བསད་རྗེས་བྲོས་འགྲོ་བའི་ལམ་བར་མི་གཞན་གཉིས་ལ་ཡང་ཁོ་པའི་མོ་ཊས་རྡུང་བའི་གནས་ཚུལ་བྱུང་ཡོད་པ་རེད་ ན་ནིང་ཕྱི་ཟླ་བཅུ་པའི་ཚེས་༢༢ཉིན་འབྲེལ་ཡོད་ཉེནརྟོག་པས་མི་གསོད་མཁན་གྱི་སློབ་ཕྲུག་དབྱག་ཅའ་ཤིན་ལ་གནས་ཚུལ་སྐད་ཆ་དྲིས་པའི་སྐབས་ཁོ་པས་ཁས་ལེན་བྱས་མེད་ཀྱང་ དེའི་ཉིན་ཕྱི་མར་ཁོ་པའི་ཕ་མ་གཉིས་ཀྱིས་རོགས་འདེགས་འོག་ཉེན་རྟོག་ལས་ཁང་དུ་ངོས་ལེན་ཞུ་བར་སླེབས་ཡོད་པ་རེད་ སློབ་ཕྲུག་དབྱོག་ཅའ་ཤིན་གྱིས་མོ་ཊས་མི་རྡུང་བའི་རྗེས་མི་བསད་པའི་གྱོད་དོན་ཐོག་རྒྱ་ནག་ནང་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་རེད་ལ་ ཁྲིམས་ཁང་ནང་ཁོ་པའི་གྱོད་དོན་ཐོག་ཁྲིམས་ཞིབ་བྱེད་པའི་སྐབས་ལ་ཡང་ཁོ་པར་སྲོག་ཐོག་གི་ཁྲིམས་ཐག་གཅོད་དགོས་མིན་ཐད་རྩོད་གླེང་ཤུགས་ཆེ་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎