རྒྱ་ནག་ནས་བཟོས་པའི་འོ་མའི་ཐོག་རྫས་ཀྱི་དུག་ལྷད་སྐོར།

རྒྱ་ནག་ནང་བཟོ་སྐྲུན་བྱས་པའི་འོ་མའི་ཐོན་རྫས་ཁག་གཉིས་ནང་ལ་མེའེ་ལ་མིན་ཞེས་པའི་རྫས་འགྱུར་བསྲེས་ལྷད་བཏང་ཡོད་པ་རྙེན་སོན་བྱུང་ཡོད་པ་རེད།

2008.10.03

༄༅༎རྒྱ་ནག་ནང་བཟོ་སྐྲུན་བྱས་ཏེ་ཕི་ལི་པིན་ནང་ཚོང་འགྲེམས་བྱེད་བཞིན་པའི་འོ་མའི་ཐོན་རྫས་ཁག་གཉིས་ནང་ལ་མེའེ་ལ་མིན་ཞེས་པའི་རྫས་འགྱུར་བསྲེས་ལྷད་བཏང་ཡོད་པ་རྙེན་སོན་བྱུང་ཡོད་པའི་སྐོར་དེ་རིང་ཕི་ལི་པིན་གྱི་འཕྲོད་བསྟེན་དཔོན་རིགས་ནས་གསུང་ཡོད་པ་རེད།

དེ་ཡང་འཕྲོད་བསྟེན་དྲུང་ཆེས་གསུང་ན། རྒྱ་ནག་གི་བཟོ་གྲ་དབྱི་ལི་དང་མེང་ནིའུ་ཞེས་པའི་ལས་རྟགས་རྒྱབ་པ་དེ་གཉིས་ལ་དགོས་གཞིའི་འོག་བརྟག་དཔྱད་བྱས་པའི་རྗེས་མོ་འོ་མའི་ཐོན་རྫས་དེ་གཉིས་ཀའི་ནང་ལ་མིའི་བདེ་ཐང་ལ་གནོད་གཞིའི་མེའེ་ལ་མིན་བསྲེས་ལྷད་བཏང་ཡོད་པ་མ་ཟད། དེ་གནིས་ཀའི་ལས་རྟགས་སྟེང་དབྱིན་ཇིའི་ཡི་གེ་གཅིག་ཀྱང་མེད་པར་ཁྲིམས་འགལ་གྱིས་རྒྱ་ནག་ནས་ཕི་ལི་པིན་ནང་ནང་འདྲེན་བྱས་པ་ཞིག་ཡིན་པ་གསུང་ཡོད་པ་རེད། ཕི་ལི་པིན་གཞུང་གིས་གོང་གསལ་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ཚོང་གི་ལས་རྟགས་རྒྱབ་པའི་འོ་མའི་ཐོན་རྫེས་ཚོང་འགྲེམས་བྱེད་ཡུལ་གྱི་ཚོང་ཁང་སྒོ་རྒྱབ་ཏུ་བཅུག་ཡོད་པ་རེད། དེ་བཞིན་ལྦིཏི་ནམ་ནང་གི་ཟ་བཅའི་འགན་སྲུང་ལྟ་རྟོགས་ལས་ཁང་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་འོ་མ་དང་འོ་མ་ལས་བཟོ་སྐྲུན་བྱས་པའི་ཟ་བཅའ་ཁག་བཅོ་བརྒྱད་ནང་མེའེ་ལ་མིན་རྫས་འགྱུར་བསྲེས་ལྷད་བཏང་ཡོད་པ་རྙེན་སོན་བྱུང་བ་བཞིན་ཐའེ་ལེན་དང་མེ་ལེ་ཤི་ཡ། ཨིན་ཌོ་ནོ་ཤི་ཡ། ར་ཤི་ཡ་སོགས་ནང་ལའང་རྒྱ་ནག་ནས་ནང་འདྲེན་བྱས་པའི་འོ་མའི་ཟ་བཅའི་ནང་རྫས་འགྱུར་བསྲེས་ལྷད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར་གསུང་ཡོད་པ་རེད། དཔེར་ན་ལྦིཏི་ནམ་ནང་མཚོན་ན། རྒྱ་ནག་ནས་ནང་འདྲེན་བྱས་པའི་འོ་མ་དང་འོ་མ་ལས་བཟོས་པའི་ཁ་ཟས་རྔན་པའི་རིགས་ནང་རྫས་འགྱུར་བསྲེས་ལྷད་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་ཟ་བཅའ་དེ་དག་ཡོངས་རྫོགས་ཚོང་ཁང་ནས་ཕྱིར་བསྡུར་བྱས་ཟིན་པ་དང་དེ་རིང་ར་ཤི་ཡའི་གཞུང་གིས་ཁོང་ཚོའི་ཤར་ཕྱོགས་གྲོང་ཁྱེར་ནང་ནས་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་འོ་རྩམ་གྱི་ཐོན་རྫས་ཀྲོན་གཉིས་ཙམ་རྙེད་སོན་བྱུང་བ་རྣམས་གཞུང་བཞེས་གནང་བའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎