བོད་ནང་ཡར་རྒྱས་ཡོད་ཚུལ་རྒྱ་ནག་གཞུང་གི་དྲིལ་བསྒྲགས།

རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་པའི་སྐུ་ཚབ་འཐུས་མི་ཁག་ཅིག་གིས་བོད་ནང་གི་ཡར་རྒྱས་སྐོར་ལ་དྲིལ་བསྒྲགས་ཀྱི་གཏམ་བཤད།

2010.03.30

༄༅༎རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་པའི་སྐུ་ཚབ་འཐུས་མི་ཁག་ཅིག་གིས་སུད་སིར་གྲོང་ཁྱེར་ཛུའུ་རིཀ་དུ་བོད་ནང་གི་ཡར་རྒྱས་སྐོར་ལ་དྲིལ་བསྒྲགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།

དེ་རིང་བོད་ཀྱི་ཆ་འཕྲིན་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་པའི་ནང། རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་ཀྲུང་གོའི་བོད་རིག་པ་བའི་སྐུ་ཚབ་འཐུས་མི་ཚོས་ཕྱི་ཚེས་༢༨ཉིན་ཛུའུ་རིཀ་དུ་ཡོད་པའི་རང་འབྱུང་ཚན་རིག་བཟོ་ལས་སློབ་གཉེར་ཁང་དུ་རྒྱ་རིགས་དང་ཕྱི་རྒྱལ་བ་སློབ་ཕྲུག་རྣམས་ལ་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་དང། རིག་གཞུང་འཕེལ་རྒྱས་ཀྱི་ད་ལྟའི་རྣམ་པ་གསར་པ་ངོ་སྤྲོད་བྱས་ཡོད་ཚུལ་དང། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལས་ཁང་གི་འགོ་ཁྲིད་གཞོན་པ་དང། ད་རེས་ཀྱི་བོད་རིག་པ་བའི་སྐུ་ཚབ་འཐུས་མིའི་ཚོགས་གཙོ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས། ད་ལྟའི་བོད་ནང་གི་ཡར་རྒྱས་ཀྱི་གོ་སྐབས་དང་གདོང་ལེན་བྱེད་དགོས་པའི་གནས་སྟངས་སྐོར་ལ་ངོ་སྤྲོད་བྱེད་པའི་སྐབས། བོད་ནང་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མཉམ་དུ་ལོ་ལྟར་བཞིན་གསོ་སྐྱོང་བྱས་པའི་སློབ་གྲ་ཆེན་མོའི་སློབ་ཕྲུག་ཁྲི་ཕྲག་མང་པོ་ཟིན་གྱི་ཡོད་ཚུལ། བོད་ཀྱི་ཞིང་འབྲོག་མི་དམངས་རྣམས་ལ་ཁང་པ་གསར་པ་འཛུགས་སྐྲུན་བྱས་པའི་ནང་གནས་སྤོ་བྱེད་པའི་ལས་གཞི་དེ་ཡིས་ཕན་ཐོགས་ཡོད་ཚུལ། ད་དུང་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གལ་འགངས་ཆེན་པོར་ངོས་འཛིན་བྱས་ཏེ། བོད་རིག་པ་སློབ་གཉེར་ཁང་༥༠ལྷག་གསར་འཛུགས་བྱས་པའི་སྐོར་བཤད་ཡོད་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང། ཁོང་རང་ཉིད་ཀྱིས་བརྒྱུད་མྱོང་བའི་ཉམས་མྱོང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་རིག་གཞུང་འཕེལ་རྒྱས་འགྲོ་ཚུལ་དང་ཆོས་དད་རང་དབང་ཡོད་ཚུལ་སོགས་ངོ་སྤྲོད་བྱས་ཡོད་པ་དང། དེ་འཕྲོས་ཀྱི་སྐུ་ཚབ་ཁག་ཅིག་གིས་རྒྱུན་དུ་རྒྱ་ནག་དབུས་གཞུང་གིས་ཤོད་བཞིན་པའི་བོད་རང་སྐྱོང་ལྗོངས་ས་ཁུལ་ནང་དུ་ཡར་རྒྱས་ཀྱི་གྲུབ་འབྲས་བྱུང་ཚུལ་སོགས་བོད་ནང་ཡར་རྒྱས་ཡོད་ཚུལ་གྱི་གཏན་འབེབས་སྲིད་ཇུས་དྲིལ་བསྒྲགས་དང་གཅིག་མཚུངས་གཏམ་བཤད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎