རྒྱ་ནག་ལྦུ་ཀན་གྲོང་གསེབ་ནང་འགོ་འཁྲིད་མི་མང་གིས་བདམ་རྒྱུ།
2012.03.03
༄༅༎ལྐོག་ཟའི་བྱ་སྤྱོད་སྤེལ་མཁན་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ འཁྲིད་ཚོར་ངོ་རྒོལ་སྒེར་ལངས་བྱེད་མཁན། རྒྱ་ནག་གི་ ལྦུ་ཀན་གྲོང་གསེབ་ས་ཁུལ་གྱི་མི་མང་ཚོས་གཟའ་སྤེན་པའི་ཉིན་མང་གཙོའི་ལམ་ནས་ས་གནས་ཀྱི་འགོ་འཁྲིད་འདེམས་བསྐོའི་འོས་བསྡུ་བྱས་ཡོད་པ་རེད།
ལྦུ་ཀན་གྲོང་གསེབ་ཀྱི་མི་མང་ཚོས་ས་གནས་ཀྱི་འགོ་འཁྲིད་འདེམས་པའི་འོས་བསྡུ་དེ་བརྒྱུད།རྒྱུན་རིང་མཉའ་གནོན་བཤུ་ཞོག་བྱེད་མཁན་གྱི་དཔོན་རིགས་གཅིག་རྗེས་གཉིས་འཐུད་བྱུང་བའི་ལམ་ལུགས་དེ་མཇུག་བསྒྲིལ་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག
སྤྱིར་བཏང་རྒྱ་ནག་གི་གྲོང་དང་གྲོང་གསེབ་ཁག་ནང་མི་མང་གི་འོས་བསྡུ་ཟེར་བ་ཞིག་བྱེད་སྲོལ་ཡོད་ཀྱང༌། འོས་མི་ཡོངས་རྫོགས་ས་གནས་དཔོན་རིགས་ཚོས་གཏན་འབེབས་བྱས་པ་ཤ་སྟག་ཡིན་ཞིང༌། འོན་ཀྱང་ལྦུ་ཀན་གྱི་འོས་བསྡུའི་ནང་འོས་མི་ནང་ཁུལ་འགྲན་བསྡུར་བྱས་པ་བརྒྱུད་མཐའ་མའི་འདམ་ཁའི་ཐག་གཅོད་ས་གནས་མི་མང་གིས་བྱེད་ཆོག་པ་བྱུང་བ་དེ་ནི། རྒྱ་ནག་ནང་ཧ་ལམ་བྱེད་མྱོང་མེད་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཝཱུ་ཀན་གྲོང་གསེབ་འཛིན་སྐྱོང་ལྷན་ཚོགས་ཀྱི་ནང་ མི་བདུན་བསྐོ་འདེམས་བྱེད་དགོས་པ་ལྟར། མི་བདུན་ཀར་འོས་བསྡུའི་ཁོ་ནའི་ལམ་ནས་འདེམས་བསྐོ་བྱེད་རྒྱུ་ཡིན་འདུག།
ལྦུ་ཀན་གྲོང་གསེབ་འདི་ནི། རྒྱ་ནག་ལྷོ་ཕྱོགས་གུའང་དོང་ཞིང་ཆེན་གྱི་ནང་ཆགས་ཡོད་པ་དང༌།ས་གནས་དེའི་དཔོན་རིགས་ཚོས་འདས་པའི་ལོ་ཡུན་མང་པོའི་རིང་མི་མང་གི་ས་ཆ་རྐུ་ཚོང་བྱེད་པར་འགོག་ཐབས་ཆེད་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་ཆེན་པོ་ཞིག་སྤེལ་ཞིང༌། རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡོངས་གྲགས་སུ་གྱུར་ཏེ་མཐར་ཞིང་ཆེན་གྱི་རྒྱ་ནག་གུན་གྲན་ཏང་གི་འགོ་འཁྲིད་ཀྱིས་མང་ཚོགས་ཀྱིས་བཏོན་པའི་དགོན་འདུན་མང་པོ་ཞིག་ལ་ཉན་འཇོགས་བྱ་དགོས་བྱུང་བ་དང༌།དགོས་འདུན་དེའི་ནང་གི་གནད་དོན་གཙོ་བོ་ཞིག་ནི་ས་གནས་ཀྱི་འགོ་འཁྲིད་ས་གནས་མང་ཚོགས་ཀྱི་འདེམས་བསྐོ་ཆོག་པ་དགོས་རྒྱུ་དེ་ཡིན་པ་རེད།།