རྒྱ་ནག་ནང་་དབུལ་ཕོངས་སྐོར་དྲ་རྒྱ་བརྒྱུད་གླེང་སློང་བྱེད་པ།

རྒྱ་ནག་ནང་དེང་སྐབས་དྲ་རྒྱ་བརྒྱུད་ནས་ཞིང་པ་དང་དབུལ་ཕོངས་ཀྱི་གནས་སྟངས་སོགས་ཀྱི་སྐོར་དྲ་རྒྱ་བརྒྱུད་གླེང་སློང་བྱེད་མཁན་མང་དུ་འགྲོ་བཞིན་པ།

2011.03.09

༄༅༎རྒྱ་ནག་ནང་དེང་སྐབས་དྲ་རྒྱ་བརྒྱུད་ནས་ཞིང་པའི་དབུལ་ཕོངས་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་བསམ་ཚུལ་གླེང་སློང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཁར། དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་གཉིས་ཚུགས་སྐབས་ཞིང་པའི་གནས་སྟངས་དང་ལས་ཤོར་མི་སྣ་གནས་སྟངས་སོགས་ཀྱི་སྐོར་གླེང་སློང་བྱེད་མཁན་དེ་བས་མང་པོ་ཡོད་པར་བརྟེན་ནསརྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཀྱང་གནད་དོན་དེ་ཚོའི་ཐོག་དོ་སྣང་དང་སེམས་འཚབ་བྱེད་དགོས་པ་ཤིག་ཆགས་ཡོད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུང་གི་ཡོད་པ་རེད།  

དཔེར་ནརྒྱ་ནག་ཉམས་ཞིབ་ལས་ཁང་ཞིག་ནང་ཕྱག་ལས་གནང་མཁན་གྱི་དགེ་རྒན་ཆེན་མོ་ཡུའུ་ཅན་ རུང་གིས་འདས་པའི་ལོ་ངོ་ཁ་ཤས་རིང་ཞིང་པ་དབུལ་ཕོངས་ཀྱི་གནས་སྟངས་དང་དཔོན་རིགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་གནས་སྟངས་ཐོག་སྐྱོན་བརྗོད་ཀྱི་རྩོམ་ཡིག་སོགས་སྤེལ་གནང་སྟེ། གནད་དོན་དེ་རིགས་ལ་འགྱུར་ལྡོག་ཡོང་ཐབས་གནང་ཡོད་པ་དང་ཉེ་བའི་ཆར་ཁོང་གིས་དྲ་རྒྱ་བརྒྱུད་ནས་གནད་དོན་དེ་རིགས་གླེང་སློང་གནང་བཞིན་ཡོད་པར་དྲ་རྒྱའི་ཐོག་ནས་གནད་དོན་དེ་ཚོའི་ཐོག་བསམ་ཚུལ་གླེང་མཁན་གྱི་མིའི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་དགེ་རྒན་ཆེན་མོ་ཡུའུ་ཡིས་རྒྱ་ནག་ནང་ཚང་མས་དོ་སྣང་བྱེད་སའི་གནད་དོན་ཞིང་པའི་ས་ཁུལ་གྱི་དབུལ་ཕོངས་མི་མང་ཚོའི་གནས་སྟངས་སོགས་བཏོན་གནང་སྟེ། དེང་སྐབས་རྒྱ་ནག་ནང་གི་མི་མང་པོ་དྲ་རྒྱ་བེད་སྤྱོད་བྱེད་རྒྱུའི་ཆ་རྐྱེན་ཡོད་པར་བརྟེན་ནསདྲ་རྒྱ་བེད་སྤྱོད་བྱེད་མཁན་ཚང་མ་གསར་འགྱུར་བརྒྱུད་ལམ་གྱི་ལྟེ་གནས་ལྟ་བུ་ཆགས་ཀྱི་ཡོད་པར་བརྟེནརྒྱ་ནག་ནང་ཚོར་བ་རྣོ་བའི་གོང་གི་གནད་དོན་དེ་ཚོའི་ཐོག་གླེང་སློང་བྱེད་མཁན་གྱི་མི་འབོར་ཧ་ཅང་མང་པོ་ཆགས་ཀྱི་ཡོད་པ་གསུང་འདུག

ཡིན་ན་ཡང་དགེ་རྒན་ཆེན་པོ་ཡུའུ་ཡིས་རྒྱ་ནག་གི་དཔོན་རིགས་ཚོར་ཐད་ཀར་སྐྱོན་བརྗོད་གནང་གི་མེད་པ་མ་ཟད་ཕྱི་རྒྱལ་གྱི་གསར་འགོད་པ་ཚོའི་བཅའ་དྲིར་ཡང་དང་ལེན་གནང་གི་མེད་ཅིང་དེ་ལྟར་གནང་དགོས་དོན་ནི་གོང་གི་གནད་དོན་དེ་ཚོ་ནི་ཧ་ཅང་གི་ཚོར་བ་རྣོ་བའི་གནད་དོན་ཡིན་པས།  རྒྱ་ནག་གི་གནས་སྟངས་ཐོག་ནས་གནད་དོན་དེ་ཚོ་ལས་གཡོལ་ཐབས་བྱ་རྒྱུ་དེ་དགོས་ངེས་ཤིག་ཡིན་པ་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎