༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་རྩོམ་ཡིག།

༧གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ཀྱི་ཡོད་ཀྱང་རྒྱ་ནག་མཉམ་འཐབ་རྩོད་བརླག་གི་ཡོད་ལུགས་ཆེད་རྩོམ་སྤེལ་འདུག

2011.03.03

༄༅༎༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ཀྱི་ཡོད་ཀྱང་རྒྱ་ནག་མཉམ་འཐབ་རྩོད་བརླག་གི་ཡོད་ལུགས་ཆེད་རྩོམ་སྤེལ་ཡོད་འདུག

དེ་ཡང་གསར་འགོད་པ་ཀྲིམ་ འཇོན་སོན་ཞེས་པས་བོད་རྒྱའི་གནད་དོན་དང་འབྲེལ་བའི་སྐོར་དེབ་ཅིག་བྲིས་རྩོམ་བྱས་ཡོད་པ་དེའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ནོ་བྷེལ་ཞི་བདེའི་དེད་དཔོན་དང་། ཨ་རིའི་གསེར་གྱི་གཟེངས་རྟགས་བཞེས་མྱོང་མཁན། འཛམ་གླིང་ཡུལ་གྲུ་ཁག་ཏུ་ཡང་སེ་ཆིབས་བསྒྱུར་གནང་མཁན། ཧོ་ལི་ལྦུདྲ་གློག་བརྙན་འཁྲབ་སྟོན་པ་ཚོས་དགའ་མོས་ཆེན་པོ་བྱེད་ཡུལ་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནོན་ཤུགས་ཆེན་པོ་སྤྲད་གནང་ཐུབ་མཁན་གྱི་གལ་ཆེའི་མི་སྣ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་རེད། ཡིན་ནའང་རྒྱ་ནག་ལ་དེ་ཙམ་གནོན་ཤུགས་སྤྲོད་ཐུབ་གནང་མེད་པ་རེད་ཅེས་གོང་ཞུས་རྩོམས་བྲིས་པ་དེས་འགྲེལ་བརྗོད་གནང་ཡོད་འདུག ཡང་ཁོང་རང་ཉིད་གསང་བའི་ཐོག་ནས་བོད་ནང་ཕེབས་པའི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། གསར་འགོད་པའི་ངོ་བོའི་ཐོག་ནས་ཆོག་མཆན་སྤྲད་ཀྱི་མེད་སྟབས་ཡུལ་སྐོར་སྤྲོ་འཆམ་པའི་ངོ་བོའི་ཐོག་ནས་བསྐྱོད་པའི་སྐབས་ལམ་བར་ས་སྲུང་དམག་མིས་བཀག་འགོག་དང་སྦྲགས་དྲི་རྩད་ནན་པོ་བྱས་ཡོད་འདུག འོན་ཀྱང་བོད་ནང་གི་འབྲོག་པའི་ས་ཁུལ་ཁག་ལ་ཕེབས་ནས་ཁོང་ཚོའི་འཚོ་བའི་གནས་སྟངས་དངོས་སུ་མྱོང་ཚོར་བྱུང་བ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་ལ་འབྲོག་པ་ཚོ་གྲོང་ཁྱེར་ནང་སྤོ་ཞུགས་བྱས་ནས་དེང་དུས་དང་མཐུན་པ་ཞིག་བཟོ་རྩིས་བྱེད་ཀྱི་ཡོད་ཀྱང་བོད་མི་ཚོས་འཆར་གཞི་དེས་ཁོང་ཚོའི་རིག་གཞུང་བརླག་ཉེན་ཡོད་པའི་སེམས་འཚབ་བྱེད་ཀྱི་འདུག་ཅེས་བཀོད་ཡོད་པ་རེད། མཐའ་དོན་རྒྱ་ནག་ནི་དེང་སང་སྟོབས་ཤུགས་ཆེན་པོ་ཆགས་ཡོད་དུས་བོད་ཀྱི་གནས་སྟངས་ལ་བསམ་ཤེས་མེད་པར་གུ་བཤངས་བྱེད་རྩིས་མེད་པ་དང་། ད་ཆ་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བདུན་བཅུ་དོན་དྲུག་ལ་ཕེབས་གྲབས་ཡོད་པས་རྒྱ་ནག་གཞུང་གི་ངོས་ནས་ཁོང་དགོངས་པ་ག་དུས་རྫོགས་ཡོང་བསམ་པའི་ངང་སྒུག་བྱེད་བཞིན་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་གཞུང་འདི་འགྱུར་བ་ག་དུས་འགྲོ་ཡོང་དགོངས་ནས་རེ་སྒུག་བྱེད་བཞིན་ཡོད་རེད་ཅེས་བཀོད་ནས་མཐའ་དོན་དེང་སང་བྱང་ཨཕ་རི་ཀ་དང་། དཀྱིལ་ཤར་ཡུལ་གྲུ་ཁག་ལ་སྲིད་དབང་གཅིག་སྡུད་ཀྱི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དེ་ནང་བཞིན་རྒྱ་ནག་ལ་ཡོང་རྒྱུའི་ཚབ་ཏུ་རྒྱ་ནག་གིས་འཛམ་གླིང་ཐོག་སྟོབས་ཤུགས་ངོམ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་ཡོང་ཅེས་དྲི་བའི་ཚུལ་དུ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎